e-texts navigator
Collection
Volume
Page
Wylie

270a1 མ།། བད་ཀྱི་ཁྱིལ།། ཁྱོ་བ་ཐུང་དུ་དེ་བཞིན་དུ།། བད་རྩི་འགྲེབ་པའི་མཐའ་བར་བནག། ཐ་བཛྲམ་དམ་ཁ་ག་ངས་པ།། མཆོག་ཅེས་བྱ་བ་མྱུར་བ་ན།། རྐང་པ་ཡ་གཅིག་གདངས་པའི་སྟབས། སད་དང་སེར་བརླུང་བསགས།། དུས་ས་མ་ཡང་རླུངས་མིན་པར།། རྫ
270a2 ཟླ་པོ་བསྒོམས་པ་ཡིས།། ཁྲོ་བོའི་སྔགས་ཀྱིས་ཚུལ་བཞིན་དུ།། ས་ཡི་སྟེང་དུ་འབེབས་པར་བྱེད།། ཧེ་ལའི་འཁོར་ལོ་གནས་བརྒྱད་པོ།། བསྒྲུབ་པ་ཡི་ནི་སར་བོར་ནས།། ཁྲོ་བའི་ས་བོན་ཚིག་གསལ་བ།། དགུ་པ་བཟང་པོ་ལ་གནས་ཏེ།། ཁྲོ་བོ་ཆེན་པོའི་ཚིག་གི་མཐ
270a3 སྤོང་ཤིག་པ་ཡི་ཚིག་གཉིས་བསྒྲལ།། ཁྲི་བོ་བདུད་རྩི་འཁྱིལ་པ་ཡི།། ཐ་མར་ཕོངས་པ་སྒྲོལ་བ་བཞག། ཁྲོ་བོ་བསྒོམ་པས་མཛེས་པ་ཡི།། ཚམ་དམ་གསལ་བ་བྱས་ནས་ནི།། ཁྲོ་བོ་གཤིན་རྗེའི་གཤེད་པོ་བཟླས།། ཁྲོ་བོ་ཉིད་ཀྱི་ཚིག་གིས་གསལ།། ཧཱུ~ཾ་ཞེས་བྱ་བ་བཟང་པོ་ཡིས།
270a4 ཁོ་བོ་དངོས་པོར་བསྒོམས་ནས་ནི།། ཤིང་གི་རྩེ་དང་ཡལ་ག་དགུག། ཡང་ན་ཤིང་ཆེན་རྩ་ནས་འབྱིན།། མེ་ཏོག་འབྲས་བུ་གློག་པའམ།། ཡང་ན་འདོད་བཞིན་གཡོ་བར་བྱེད།། ལྗོན་ཤིང་ཆེན་པོ་རྣམས་ཀྱང་ནི།། ཇི་ལྟར་འདོད་པར་མིག་ཡོར་འགྱུར།། ཧེ་ལ་ཞེས་བྱའི་འཁོར
270a5 ལོ་ཡི།། རྩིབས་ནི་བཅུ་པ་ལ་གནས་ནས།། ཁྲོ་བོ་ཆེན་པོའི་ཚིག་གི་མཐར།། ཆོམ་ཤིག་ཅེས་པའི་ཚི་ག་གཉིས་བསྐུལ།། ཁྲོ་བོ་ཆེན་པོ་རབ་འཇོམས་པ།། ཁྲོ་བོ་བདུད་རྩི་འཁྲིལ་པའི་མཐར།། སྔ་མ་བཞིན་དུ་གཞག་པར་བྱ།། འཇིགས་པར་བྱེད་པའི་ཚྭ་མ་ངམ་བྱེད།
270a6 རི་ཆེན་དག་གི་རྩེ་མོ་དང་།། སྒོ་དང་ལྕགས་ཟློག་རྣམས་སྟོན།། ཁྲོ་བོའི་རྒྱལ་པོར་སྔོན་བཞིན་དུ།། བསྒོབས་ན་རབ་མཆོག་གྲུབ་བྱེད་པ།། ཧེ་ལ་ཡི་ནི་འཁོར་ལོ་ཡི།། རྩིབས་ནི་བཅུ་གཅིག་ལ་གནས་ཏེ།། ཁྲོ་བོ་ཆེན་པོའི་ཚིག་གི་མཐུར།། བརྙིལ་ཅིག་ཅེས
270a7 ཐིག་གིས་སྒྱུབ།། ཛྲ་པྲ་བྷཱ་བི་ཀཱི་ལ་ཡེས།། བདུད་ཀྱི་འཁྲིལ་པ་བསྒྲལ་བྱ།། ཆོག་གི་མཐའ་མར་གནས་པ་སྟེ།། ཚིག་བཞིན་དུ་བཤད་པ་བཞིན།། ཀཱི་ལེ་ཀཱིལ་ཞེས་བྱབ།། ཆོམ་ངམ་མཇུག་ལ་དེ་བཞིན་གནས།། བེ་རྐྱེན་གྱི་ནི་ཕྱག་རྒྱབ་ཅིང་།། གཤེན




iiif viewer powered by OpenSeadragon

269b - 270b

Texts on this page

Gdg016.7 - 'phags pa 'jam dpal gsang ba'i rgyud kyi rgyal po/ pra khog snang gi brtag pa phyi ma'i rgyal po sgrub pa'i lung / khro bo rnam par rgyal ba'i rgyud phyi ma'i yang phyi ma