e-texts navigator
Collection
Volume
Page
Wylie

220b1 དེ་ནི་དུས་གསུམ་ཕྱིས་ཀྱང་འབྱུང་།། ངན་དུས་གསུམ་དུ་ལྟར་བྱུང་།། དཀྲི་ལྔ་བརྒྱ་ཐ་མ་འཚོ།། ད་ཡི་བསྟན་པ་འབྱུང་བར་བྱེད།། བསྟན་པ་ཐམས་ཅད་ནུབ་པའཚེ།། ང་ཡེ་བསྟན་པ་འབྱུང་བར་བྱེད།། ལས་ངན་མཚམས་མེད་གྱད་པ་འཚྭ།
220b2 དེ་ཚོང་ཡི་བསྟན་པ་འགྱུང་།། ཟས་ངན་ལྕི་བ་ཟ་བའི་ཚེ།། དེ་ཚོང་ཡི་བསྟན་པ་འབྱུང་།། གོས་ངན་དུག་ཧྲུལ་གོན་པའི་ཚེ།། དེ་ཚང་ཡི་བསྟན་པ་འབྱུང་།། ད་ནི་དུས་གསུམ་འབྱུང་བའི་སྐུ།། བསྟན་པ་ཐམས་ཅད་ནུབ་པའི་ཚེ།། དེ་ཚད་ཡི་བ
220b3 པ་འབྱུང་།། ཇི་ལྟ་བུར་ནི་ཞིར་འགྱུར་ཡང་།། ད་ནི་ཐམས་ཅད་ཞི་བའི་སྐུ།། ཇི་ལྟ་བུར་ནི་ཁྲོས་གྱུར་ཀྱང་།། ཐམས་ཅད་ཁྲོས་པ་ང་ཡི་སྐུ།། ལྷ་རྣམས་ཐམས་ཅད་ཁྱོད་ཉོན་ཅིག། གཟི་བརྗིད་ཆེན་པོ་ཁྱོད་རྣམས་ཀུན།། གང་ཚེ་གསུམ་ལ་སྐྱབས་སོང་བ།།
220b4 དེའི་ཚོ་ང་ཡི་མི་བཟད་པ།། ཁྲོ་བོ་ཡིད་ལ་གནས་པར་གྱིས།། དཀོན་མཆོག་གསུམ་ལ་གནས་པ་དང་།། དེ་ཡི་བཀའ་ཡང་བསྐྱང་བ་དང་།། སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར།། ང་ཡི་ཡིད་ནི་ཞི་འགྱུར་གྱིས།། ཁྱེད་རྣམས་སྐྱབས་སུ་དོང་བ་དང་།། བྱང
220b5 ཆུབ་སེམས་དང་ལྡན་པ་ཡིས།། ཐམས་ཅད་དོན་ནི་བསྒྲུབ་པའི་མཆོག། ཡི་གེ་འབྲུ་ནི་བཅུ་བདུན་པའོ།། དེ་ཡི་སྙིང་པོ་ཡིད་ལས་ཕྱུར།། ལྷ་རྣམས་ཀུན་གྱིས་གཟུང་བར་གྱིས།། གཤིན་རྗེའི་གཤེད་པོ་བདག་ཉིད་ཀྱི།། སྙིང་པོ་རབ་ཏུ་གསུངས་པ་ནི།། དེ་ནས
220b6 ས་ཡང་གཡོས་པར་འགྱུར།། རྒྱ་མཚོ་ཡང་ནི་རབ་ཏུ་འཁྲུགས།། གནོད་སྦྱིན་དང་ནི་སྲིན་པོ་དང་།། ཤ་ཟ་ལ་སོགས་ཕུང་བར་གྱུར།། ལྷ་རྣམས་ཀུན་གྱིས་ཕྱག་འཚལ་ཞིང་།། ཡན་ལག་ཀུན་ནས་བ་སྤུ་ལངས།། གཤིན་རྡོའི་གཤེད་པོ་ཁྲོ་བོ་ཡི།། ག
220b7 བོའི་སྙིང་པོ་དེ་གཟུང་ངོ་།། དེ་ནས་དམ་ཆོས་བསྲུང་བའི་ཕྱིར།། ཁྲོ་བོ་རྣམ་པར་རྒྱལ་བ་ཡི།། རྟོག་པ་འདི་ནི་དེ་དག་ལ།། གཤིན་རྗེའི་གཤེད་ཀྱིས་རྒྱས་པར་གསུངས།། དེ་ནས་ཁྲོ་བོ་རྣམ་རྒྱལ་གྱི།། རྟོག་པ་ཁྲོ་བོ་ཉིད་ཀྱིས་གསུངས།། སྙིང་རྗེ་བྱང་ཆུབ




iiif viewer powered by OpenSeadragon

220a - 221a

Texts on this page

Gdg016.7 - 'phags pa 'jam dpal gsang ba'i rgyud kyi rgyal po/ pra khog snang gi brtag pa phyi ma'i rgyal po sgrub pa'i lung / khro bo rnam par rgyal ba'i rgyud phyi ma'i yang phyi ma