e-texts navigator
Collection
Volume
Page
Wylie

220a1 རྒྱ་གང་སྐད་དུ། ཨཱརྠ་མཧཱ་ཤཱག་ཎྜཏནྟ་རཱང་ཤ་བ་ཀཱཏནྟ་བྷཱས་ཀཱཝ་པ་དྡྷི་མ་རཱ་ཛ་སཱ་དྷ་ཀཱ&ག་མ་ཀྲོ་དྷ་བ་ཛ་ཡ་ཏན་པ་ཀྵེམ་པ་པརྩེ་མ་ནཱ་མ། བོ་སྐ་དང་། འཕགས་པ་འཇམ་དཔལ་གསང་བའི་རྒྱུད་ཀྱི་རྒྱལ་པ། པྲ
220a2 བོག་སྣང་གི་བརྟག་པ་ཕྱི་མའི་རྒྱལ་པོ་སྒྲུབ་པའི་ལུང་། ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ཕྱི་མའི་ཡང་ཕྱི་མ་ཞེས་བྱ་བ། བཅོམ་ལྡན་འདས་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ།། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།། དྲི་ནས་འཇམ་དཔལ
220a3 དབྱངས་ཀྱིས་ནི།། ཁྲོ་བོ་མིང་ནི་གཤིན་རྗེའི་གཤེད།། མཚོན་ན་མེ་ལྟར་འབར་བས་འཁྲིགས།། དྲག་ལ་མཐུ་རྩལ་དྲུག་ལྡན་པ།། དེ་མཐོང་ནས་ནི་ཁྲོ་བོ་གཞན།། ཐམས་ཅད་ཀུན་གྱིས་ལག་ཆ་ཤོར།། དེ་བཞིན་དུ་ནི་འཇིག་རྟེན་པ།། ལྷ་རྣམས
220a4 ལུས་ཀྱིས་འདུད་པར་བྱེད།། གཞན་ཡང་ཐལ་མོ་སྦྱར་བྱས་ཏེ།། སྐྲག་ནས་བསྟོད་པ་མང་པོ་བྱེད།། ལྷ་རྣམས་མང་པོ་ཇི་སྙེད་ཀུན།། འཇམ་དཔལ་ཁྲོ་བོའི་གཟི་བརྗིད་ཀྱིས།། གཟིར་བཞིན་དུ་ནི་རབ་སྨྲས་པ།། བཅོམ་ལྡན་མགོན་པོ་བདག་ཅག་གིས།།
220a5 སངས་རྒྱས་ཆོས་དང་དགེ་འདུན་ལ།། སྐྱབས་སུ་མཆི་ཡིས་བཀའ་སྩོལ་ཅིག། རབ་ཏུ་མི་བཟང་འཇིགས་པའི་སླ།། གཟི་བརྗིད་འབར་བས་ཕྱོགས་ཁྱབ་བོ།། ཁམས་གསུམ་འཁྲུག་པར་མཛད་པ་མཐོང་།། གང་ཚེ་ལྷ་དང་ལྷ་མིན་རྣམས།། སྐྲག་ནས་སྐྱབས།
220a6 སུ་དོང་བ་ན།། དེ་ཚེ་འཇམ་དཔལ་དབྱངས་ཀྱིས་ནི།། ཁྲོ་བོ་སླར་ཡང་ཞི་བར་གྱུར།། གཤིན་རྗེའི་གཤེད་ཅེས་བྱ་བ་ཡང་།། ཁྲོ་བོ་ཆེན་པོ་ཞི་བ་ལ།། དེ་ནས་སྦུབས་སུ་དོང་བ་ཡི།། ལྷ་རྣམས་ཀུན་གྱིས་རབ་སྨྲས་པ།། ཁྱོད་ཀྱི་བརྩོན་འདས་མཆོག་འཚལ
220a7 བ།། ཇི་ལྟ་བུར་ནི་ངེས་པར་བགྱི།། ཇེ་ལྟ་བུང་ནི་དང་བར་འགྱུར།། བདག་ཅག་ཐེ་ཚོམ་ཆེན་པོ་སྐྱེས།། ཁྲོ་བས་ལྷ་རྣམས་ཚིགགས་ན་ནས།། གཤིན་རྗེ་གཤེད་ཀྱིས་བཀའ་སྩལ་པ།། ད་ནི་དུས་གསུམ་སྔོན་དུ་བྱུང་།། སངས་རྒྱས་ཀུན་གྱི་སྔོན་དུ་བྱུང་།




iiif viewer powered by OpenSeadragon

219b - 220b

Texts on this page

Gdg016.7 - 'phags pa 'jam dpal gsang ba'i rgyud kyi rgyal po/ pra khog snang gi brtag pa phyi ma'i rgyal po sgrub pa'i lung / khro bo rnam par rgyal ba'i rgyud phyi ma'i yang phyi ma