| | e-texts navigator
|
126b1 མཏས་པ་ལ་བཞུགས་རྒྱ། མཉམ་པ་དང་རྟོགས་པར་སྟོནས་ཐང་གཞ་ལུ་སྟེང་འདྲན་། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་བ།། འོན་སྲིན་གྱི་གནས་ན་ཡུམ་དང་འབྲེལ་ཚུལ་དུ་བཞུགས་པ་ལས། ཡབ་ཀྱིས་གླེངས་པ།།
126b2 དག་པ་དྲི་མ་མེད་པའི་ཆོ།། བླ་མེད་བྱང་ཆུབ་སྒྲུབ་པའི་ཐབ།། འཁོ་བའི་རྣམ་ཏོག་གཞོམ་པ་དང་།། དག་པོས་འགྲོ་བ་དྲང་བའི་ཕྱིར།། ཡབ་ཡུམ་གཉིས་མེད་འཁྲིལ་བའི་ཚུལ།། ཞེས་རྡོ་རྗེ་གསང་བའི་ཆོག་ཏུ་བརྗོད་དོ།། དེ་ནས་ཡུམ་ཡང་མ
126b3 ཉིད་ཀྱིས་འཁྲིལ་བའི་ཚུལ་གྱིས་བསྐུལ་བ།། ཀྱེ་ཀྱེ། བདེ་གཤེགས་རྡོ་རྗེ་རིགས་ཀྱི་གཙོ།། མཉམ་པ་ཆེན་པོའི་དོན་བསྟན་ནས།། གང་ལ་འདུལ་བ་བརྟན་པའི་ཕྱིར།། མི་འགྱུར་རྡོ་རྗེའི་གཙོ་མཆོག་ལ།། གཉིས་མེད་ཆེན་པོས་འབྱུང་བར་བྱ།། ཞེས་ག
126b4 སོ།། དེ་ནས་དགྱེས་པ་ཆེན་པོ་དེས། གས་བའི་ཐུགས་མབུམ་པའི་ངང་གིས། ཀྱེ་ཀྱེ་སྙིང་པོ་དོན་ཅིག་ཏོ།། བདེ་བར་གཤེགས་པ་ཀུན་གྱི་སྲས།། འཁོར་བ་ཡོངས་ཀྱི་དང་དཔོན་པོ།། གཉིས་སུ་མེད་པའི་ཡུམ་དང་བཞུགས།། ཞེས་གླེ་ཧེ་མི་གཡོ་བའི་ཏིང་ངེ
126b5 ལ་སྙོམས་པར་ཞུགས་སོ།། དེ་ནས་ཡུམ་གྱིས་བསྔལ་བ།། ཀྱེ་ཀྱེ་བདེ་གཤེགས་ཀུན་གྱི་གཅུ།། མ་རིག་མུན་པ་འཇོམས་པའི་བདག། ཀུན་ཀྱང་འགྲོ་བའི་དོན་པའི་ཕྱིར།། དྲི་མེད་གསལ་བ་ཉི་ཟླའི་འོད།། ཆས་ཉིད་མཉམ་པའི་གྲོང་ན་བཞུགས།། རིགས་ཀྱི་རིགས
126b6 ཏེ་རིགས་ཀྱི་གཙོ།། མུན་པ་འཇོམས་པའི་ཤེས་རབ་འོད།། འགྲོ་བ་སྒྲོལ་བའི་དེད་དངོནག་ཙོ།། འཁོར་བའི་དྲི་མ་འཐུང་བའི་ཆུ།། འགྲོ་བ་ཡོངས་ཀྱི་གཉེན་གཅིག་གོ།། གཉིས་མེད་བདེ་བའི་དབྱིངས་དཀྱིལ་དུ།། དགྱེས་པ་ཆེན་པོ་དབབ་ཏུ་གསོལ།། ཞེས་ཡུམ་གྱི
126b7 མཉམ་པའི་ངང་ལ་གནས་ནས་དེ་སྐད་ཅེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དེས། རྒྱལ་པོ་དགའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེའི་ཆོ་ག་འདི་སྐད་གླེངས་སོ།། ཀྱོག་རྒྱལ་བ་འགྲོ་བའི་དོན་བྱའི་ཕྱིར།། རིགས་ཀྱི
iiif viewer powered by OpenSeadragon
126a - 127a