e-texts navigator
Collection
Volume
Page
Wylie

126a1 ངེས་པའི་དོན་འདི་མ་རྟོགས་ན།། མཉམ་བཞག་བསྒོམ་པ་ཆགས་པའི་རྒྱུ།། སྒྱུ་གྲིའི་ནགས་ཚལ་ལ་སོགས་ཀྱང་།། རང་གི་རྟོག་པས་བརྟས་པའི་ཕྱིར།། དེ་ཕྱིར་རྟོགས་པ་སྔོན་དུ་གཏང་།། རྟོགས་པ་ན་འདི་རབ་ཏུ་ག
126a2 ཞེས་བདེ་བར་གཤེགས་པ་ཉིད་ཀྱི་ཆོས་ཀྱི་སྐུ་སྐྱེ་བ་མེད་པ་ལས་ཆོས་ཉིད་དང་སླར་བྱུང་བའི་ངང་ལས། ལོངས་སྤྱོད་རྫོགས་པའི་སྐུ་སྐྱེ་བའི་ཆོ་འཕྲུལ་དུ་འོག་མིན་གྱི་གནས་མཐའ་དང་དབུས་མེད་པ། གཞི་ཚད་མེད་པའི་ཡེ་ཤེས་ཀྱི་འཁོར་ལོ་ངག་བྲས་བ་ས
126a3 རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་། རྒྱ་ཕྱོགས་བཅུར་ཡོངས་སུ་ཆད་དེ།། ཡོན་ཏན་དཔག་ཏུ་མེད་པ་རྒྱས་པའི་གྲུ་བཞིར་གྱུར་པའི་ནང་དཀྱིལ་འཁོར་དགུ་ལ་འཁོར་ལོ་རྩིབས་བཞི་མུ་ཁྱུད་ཟླུམ་པོ་ཐུ་ཆད་བཞི་དང་སྒོ་བཞིང་ལྡན་པ། རྣ་མ་ཐ་པ
126a4 ཕྱི་རོལ་བྱང་ཆུབ་ཀྱི་ཤིང་ལ་སོགས་པ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། གྱི་ནས་བལྟས་པས་ནང་གསལ་བ། ནང་ནས་བལྟས་པས་ཀྱི་གསལ་བ། ཡེ་ཤེས་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་བུ་གསལ་བར་གྱུར་ཏོ།། དེ་ལྟར་རང་བཞིན་འོག་མིན་གྱི་གནས་ན།
126a5 བདེ་བར་གཤེགས་པ་ཐམས་ཅད་ཏིལ་གྱི་གང་བུ་བཞིན་ཏུ་གནས་ཏེ། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དང་། ཡུམ་ཀུན་ཏུ་བཟང་མོ་དང་། བདེ་བར་གཤེགས་པའི་འཁོར་དཔག་ཏུ་མེད་པ་དང་བཅས་པ་རང་བཞིན་གྱིས་གནས་སོ།། དེ་ནས་བཅོམ་ལྡན
126a6 དཔལ་ཀུན་ཏུ་བཟང་པོ་དང་། ཡུམ་ཀུན་ཏུ་བཟང་མོ་གཉིས་ཆོས་ཉིད་མཉམ་པ་ཉིད་ལ་བཞུགས་ནས། འདི་སྐད་ཅེས་གསུངས་སོ།། ཀྱེ་ཀྱེ།། གཙོ་བོ་གཙོ་མོ་འཁོར་བཅས་ཀྱང་།། རང་བཞིན་འོག་མིན་གནས་མཆོག་ན།། མུ་ཀྵེ་གཟུགས་བརྟེན་འདྲ་བ་ལ།
126a7 མོངས་དྲིམས་གོས་པ་མེད།། རང་བཞིན་དོན་གྱི་དབྱིངས་ན་བཞུགས།། ནམ་མངའི་ཆོ་འཕྲུལ་སྟོན་པ་ལྟར།། རང་བཞིན་འོག་མིན་ཆོས་དབྱིངས་ནས།། གསུང་གིས་དོན་རྣམས་མི་སྟོན་ཏེ།། ཐུགས་ཀྱིས་ཆོས་རྣམས་མངལ་བང་སྟོན།། ཞེས་ཡ




iiif viewer powered by OpenSeadragon

125b - 126b

Texts on this page

Gdg015.9 - bde gshegs 'dus pa'i rgyud