e-texts navigator
Collection
Volume
Page
Wylie

125b1 རྩེ་ཐུན་ཆེན་པའི་བྱིན་རླབས་ལས།། སྟོང་གསུམ་རྒྱལ་བའི་སྦས་གང་ཡང་།། བྱང་ཆུབ་སེམས་ལས་གཡོས་པ་མེད།། དཔེར་ནནམ་མཁའི་འང་འཚོན་བཞིན།། དཀར་ད་མར་སྭ་སྟངས་གཟུང་མེད།། དེ་བཞིན་སེམས་ཀྱི་རང་བཞིན་ཡང་།། འདི་ཞེས་གཅིག་ཏུ་བསྟནན་མེད།། མི་ཤེས་པར་སྣང་འང་འཚན
125b2 འདྲ།། དེ་ཕྱི་མ་བཅོས་ཇི་བཞིན་བཞག། ཅེས་རྡོ་རྗེ་གསང་བའི་ཚིག་ཏུ་གསུངས་སོ།། བདེ་བར་གཤེགས་པ་ཀུན་གྱི་གཙོ། ཡབ་ཡུམ་སྲས་དང་བཅས་སྣང་ཡང་།། བྱང་ཆུབ་སེམས་ཀྱི་ངོ་བོར་གཅིག། སྐྱེ་འཆི་མེད་པ་བྱང་ཆུབ་སེམས། འདུ་འབྲལ་མེད་དེ་ཆོས་ཀྱི་སྐུ།། བཟང་ངན་མེད་འཁོར་འདས་ཆོས།། ཏུ་འབྲས
125b3 ཀྱི་རྣམ་པ་ཉིད།། འགགང་མེད་དེ་སེམས་ཉིད་ནི། དཔེར་ན་རྨི་ལམ་སྣུམ་འདྲ།། ནམ་མཁའ་བཞིན་དུ་ཡིནས་གནས།། ནམ་མཁའ་འདི་ནི་འདི་འདྲ་ཞེས།། ཚིག་ཏུ་རབ་ཏུ་བརྗོད་དུ་མེད།། དེ་བཞིན་སེམས་ཀྱི་རང་བཞིན་ཡང་།། འདི་ཞེས་གཅིག་ཏུ་བསྟན་དུ་མེད།། བསྟན་ན་གཟུང་འཛིན་འཁྲུལ་བའི་ཆོས།། བརྟན་དུ་མེད་པ
125b4 བའི་མཆོག། བསྒོམ་དུ་མེད་པ་སྒོམ་པའི་མཆོག།། བསྲང་དུ་མེད་པའི་དམ་ཚིག་ནི།། མ་བསྲུངས་བཞིན་དུ་ལྷུན་གྱིས་གྲུབ།། མ་ནོར་པ་ཡི་ཆོས་ཉིད་ལ།། རང་བཞིན་སྐྱེ་མེད་ཆོས་ཀྱི་དབྱིངས།། མ་བཅོས་པ་ཡི་བྱང་ཆུབ་སེམས།། རྒྱུ་དང་འབྲས་བུ་མ་བཀག་ཆོས། དཔེར་ན་རྒྱ་མཚོ་ཆེན་པོ་ལ།། ཆུ་བྲན་ཐམས
125b5 ཅད་འབབ་ཅིང་འདུ།། དེ་བཞིན་བྱང་ཆུབ་སེམས་ཉིད་ལས།། འཁོར་འདས་གཉིས་ཀ་འབྱུང་ཞིང་འདྲ།། ཞེས་རྡོ་རྗེའི་ཚིག་ཏུ་གསུངས་སོ།། ཨེ་མ་ཧོ།། བདེ་བར་གཤེགས་པའི་སྙིང་པོ་ནི།། ནམ་མཁའ་བཞིན་དུ་བརྟག་དཀའ་ཞིང་། མོ་ལོང་གཟུགས་བཞིན་གཟུང་དུ་མེད།། བྲག་ཆ་བཞིན་དུ་བརྗོད་དང་བྲལ།།
125b6 བཅུད་ཀྱི་རྡོ་རྗེ་སྙིང་པོ་འདི།། བདག་དང་གཞན་དུ་བརྗོད་དུ་མེད།། བསྟན་དུ་མེད་པའི་ཆོས་ཉིད་འདི།། བརྗོད་དུ་མེད་པར་གོ་བར་གྱིས།། བརྗོད་མེད་བརྗོད་པ་བརྗོད་པའི་མཆོག། མཉན་བསམ་བསྒོམ་པའི་ཤེས་རབ་ཀྱིས།། བློ་ཡི་རྟོག་པ་ཁ་ཕྱེ་ལ།། ངེས་པའི་དོན་འདི་རྟོགས་པར་གྱིས།། ངེས་པའི་དོན
125b7 འདི་མཏོགས་ན། བསྒོམ་དང་བསྒྲུབ་པ་ཡུན་རིང་ཀྱང་།། མི་ཤེས་གཟུང་འཛིན་འཆིང་བའི་རྒྱུ།། དེ་ཕྱིར་རྟོགས་པ་སྔོན་དུ་འགྲོ།། རྟོགས་པ་གདེང་དུ་མ་གྱུར་ན།། ཅི་ལྟར་སྤྲད་ཀྱང་འཆིང་བའི་རྒྱ།། རྟོགས་པའི་གདེང་གི་ལྟ་བ་ནི།། དངོས་པོ་གཤེས་ཀྱི་གནས་ལུགས་བརྟགས།།




iiif viewer powered by OpenSeadragon

125a - 126a

Texts on this page

Gdg015.9 - bde gshegs 'dus pa'i rgyud