| | e-texts navigator
|
125a1 །། བསྒྱུར་ཞིང་ཞས་ཏ་གཏན་ལ་ཕང་བའོ།། རྒྱལ་བ་གླང་བའོ།། གཏར་བྱ། ཐཱསན། གཏད་བྱའོ།། ནྱ་ནྱ་ཏྱའོ།། གྲཿ།། རྒྱ་གང་སྐད་དུ། སུག་ཏ་ས་མུ་དཱ་ཡཏ་ཥྚཱནཱ་མ། བོད་སྐད་དུ། བདག་ཤེས་འདུས་པབརྒྱད་ཅེས་བྱ་བ། བཅོམ་ལྡན་འདས་དཔ་ལ་ཀུན་ཏུ་འཟང་པོ་ལ་ཕྱ
125a2 ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཆོས་ཐམས་ཅད་སྐྱེ་བ་མེད་པ། མཉམ་པའི་དང་ལ་གནས་ཤིང་། སྒྱུ་མའི་དཔེ་བརྒྱད་ལྟར་གནས་པ་ལས། སྐྱེ་འགག་མེད་ཅིང་བདག་དེང་གཞན་དུ་མི་མཐོང་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཆོས་ཐམས་ཅད་བྱང་ཆུབ་སེམས་སུ་གཅིག་པ། སྤང་བ
125a3 དད་པར་སྣང་སྟེ་སྟེང་ཡང་གཅིག་དང་དུ་མར་བརྗོད་པ་ལས་འདས་སོ།། ཀྱེ་ཀྱེ་བྱང་ཆུབ་སེམས་ཀྱི་རང་བཞིན་ནི།། ངོ་བོ་གཅིག་ལས་མེད་པ་ལས། གཅིག་ལ་སྣང་བ་ཐ་དད་པས།། གཅིག་དང་དུ་མའི་བརྗོད་ལས་འདས།། ཞེས་གསུངས་སོ།། དཔེ་མཉམ་པ་ཉིད་དང་། དོན་མཉམ་པ་ཉིད་དང་། ཆོས་ཐམ
125a4 ད་ལྷུན་གྱིས་གྲུབ་པ་མཉམ་པ་ཉིད་དོ།། ཨེ་མ་ཧོ།། འཁོར་དང་མྱ་ངན་འདས་པའི་ཆོས།། གཅིག་དང་དུ་མའི་བརྗོད་ལས་འདས།། འདི་ཞེས་གཅིག་ཏུ་བསྟེན་པར་དཀའ།། འཁོར་བ་ཉིད་ཀྱང་མྱ་ངན་འདས། ཞེས་གསུངས་སོ།། མ་བཅོས་མ་པ་སླད་པར་རྟོག་ན།། ཡིད་བཞིན་ནོར་བུ་འདྲ་བའི་ཕྱིར།
125a5 གང་ལྟར་བྱས་ཀྱང་ལྡན་གྱིས་གྲུབ།། དབྱེ་བ་མེད་པའི་དོན་རྟོགས་སོ།། བྱང་ཆུབ་སེམས་ཀྱི་ངོ་བོ་ན། ནམ་མཁའ་བཞིན་དུ་བརྟག་དཀའ་ཞིང་།། ཅིར་ཡང་མེད་པར་ཅིར་ཡང་སྣད།། དོན་དམ་ཀུན་རྫོབ་གཉིས་སུ་སྣང་།། གཅིག་དང་དུ་མ་གཉིས་སུ་སྣང་།། འཁོར་བ་ཉིད་ཀྱབ་མྱ་ངན་འདས།། མ་རི
125a6 ཀྱང་ཡང་དག་ལམ།། བྱང་ཆུབ་སེམས་ཀྱི་དོན་ཏོ་གླན།། རྟོག་པ་གཡེང་བ་ཆོས་ཀྱི་སྐུ།། མ་རིག་ཡེ་ཤེས་ཐ་དད་མེད།། སོ་སོ་སྣང་བ་ཕྱེ་བ་ཙམ།། མ་རིག་པ་ཡང་ལམ་དུ་གཅིག། དང་པོ་གང་ནས་མ་བྱུང་བས། ཐ་མ་གར་ཡང་འགྲོ་བ་མེད། དང་པོ་སྐྱེ་བའི་རྒྱུ་མེད་པས།། ཐ་མ་འཆི་བའི་ལམ་ཡང་མེད། དངོས
125a7 བཙལ་ཡང་མི་གནས་པས།། འདི་ཞེས་གཅིག་ཏུ་བསྟན་དུ་མེད།། སྐྱེ་ཞིང་འཕོ་བའི་གནས་མེད་པས།། བསད་ཅིང་བཅད་པ་བསྒྲུབ་ཏུ་མེད།། མ་རིག་པ་ཡི་རྟོག་པ་ཡིས།། མི་མཐུན་བདེ་སྡུག་མྱོང་བར་འགྱུར།། རྡོ་རྗེ་ལྟ་བུར་གནས་པ་ལ།། སྣམ་ཆུ་ཟླ་བྲག་ཆ་འདྲ།། ཞེས་གསང་བའི་ཚིག་ཏུ་གསུངས་སོ།།
iiif viewer powered by OpenSeadragon
124b - 125b