| | e-texts navigator
|
124b1 ལ་གཏོགས་པ་ཡི།། རླབས་ཆེན་རྣམས་ཀྱང་ནུས་པར་སྤོང་།། མཐོ་སྟོབས་ནུས་པས་བསྙེམས་པ་ཡི།། གཞན་གྱིས་བརྫི་བར་མི་ནུས་ཤིང་།། རང་ག་དབང་དུ་ཁུག་པ་དང་།། བསྒོ་བ་རྫོབ་པ་མེད་པར་འགྱུར།། ཞེས་བཀའ་སྩལ་ཏོ།། དྲག་སྔགས་འདུས་པོ་རྡོ་རྗེ་རྗེ་པའི་རྒྱུད་ལས། བསྟོད་པ་ཡོན་ཏན་བརྗོད་པའི་ལེའུ་སྟེ་བབྱང་འོ།།
124b2 དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོས།། ཉིད་ཀྱི་སྐུ་འཇིག་བྱེད་ཆེན་པོའི་ཆ་ལུགས་སུ་སྤྲུལ་པ་དེ། བུགྲ་ཆོས་ཉིད་ཞི་བ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྐུའི་གནས་ཐམས་ཅད་ལས་འོད་ཟེར་གྱི་དྲ་བ་དཔག་ཏུ་མེད་པ་ཕྱུང་ནས། ཕྱོག་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་དྲེ་ག་པ་ཅན་གྱི་གནས་ཐམས
124b3 ཁྱབ་པར་མཛད་ནས། མ་རུངས་ཤིང་གདུག་པ་དང་། གཏུམ་པའི་སེམས་དང་བསམ་པ་ཐམས་ཅད་མ་ལུས་པ་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཏེ། ཕན་པ་དང་། བདེ་བ་དང་། གནོད་པ་མེད་པ་དང་། བརྩེ་བ་དང་། ཡིད་དགའ་བ་དང་བཅས་པས་ཕྱོག་དེར་སྣང་བར་གྱུར་ནས། ཐམས་ཅད་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་འཛིན
124b4 དེ་ལ་ཕྱག་འཚལ་ཞིང་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མ་བཅོམ་ལྡན་རྡོ་རྗེ་འཛིན།། ཁྱོད་ཀྱིས་བསྟན་པ་གསང་ཆེན་འདི།། མ་འོངས་པ་ཡི་དུས་དག་ཏུ།། རབ་ཏུ་རྒྱས་པར་འགྱུར་ཞེ་ན།། བདག་ཅག་འཇིག་རྟེན་དྲེགྲ་པ་ཅན།། ཞི་བའི་སེམས་སུ་གནས་བྱས་པས།། རྗེས་སུ་སྤྱོད་པ་གང་ཡིན་པ།། དེ་ལ་ཕན་པ་རྒྱས་པར་བསྟན།། དྲེན་ལ
124b5 དང་ནི་བལྟ་སྤྱོད་ཀྱི།། ཁྱབ་པ་དེ་ལ་ཡོངས་རྫོགས་ཤིང་།། གྲོག་དང་བྲན་དང་དམངས་བཞིན་དུ།། གང་གིས་བསྒོ་བ་དེ་བཞིན་བགྱི།། དམ་ཚིག་ལྷ་ཡི་ཡོན་ཏན་དང་།། རོལ་པའི་ཏིང་འཛིན་ལྡན་དེ་ལ།། བཀའ་ལས་འདའ་བར་མི་སྤྱོད་ཅིང་།། གསུང་བཞིན་བསྒྲུབ་པར་རབ་ཏུ་སྤྲོ།། བཅོམ་ལྡན་རྡོ་རྗེ་འཛིན་ཁྱོད་ཀྱིས།། ཇི་ལྟ
124b6 བསྔག་པའི་ལས་རྣམས་ནི།། བདག་ཅག་ནུས་པས་མྱུར་དུ་བིསྒྲུབ།། བྱིན་གྱིས་བརླབ་པར་གཙོར་མཛོད་ཅིག། ཅེས་གསོལ་ནས་རང་རང་གི་གནས་སུ་དེངས་ཤིང་བྱིན་པར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་འོད་ཟེར་གྱི་བཀོད་པ་རྣམས་དང་། རང་གི་འཁོར་གྱི་སྣང་བ་ཐམས་ཅད་ཀྱང་ཉིད་ཀྱི་སྐུའི་དཔྱིར་མི་སུ་བསྡུས་ཤིང་།
124b7 ད་ཀྱང་ཆོས་ཀྱི་སྐུའི་རང་བཞིན་དུ་གནས་པར་མཛད་དོ།། དྲག་སྔགས་འདུས་པ་རྡོ་རྗེ་རྩ་བའི་རྒྱུད་ལས། ཕྲིན་ལས་ཀྱི་གཉེར་ཕུལ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །། དྲག་སྔགས་འདུས་པ་རྡོ་རྗེ་རྩ་བའི་རྒྱུད་ཅེས་བྱ་བ་རྗོག་སོ།། རྒྱ་གར་གྱི་མཁན་པོ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། བོད་ཀྱི་ལོ་ཙཱ་བ་བཻ་རོ་ཅན་བདག་གིས།
iiif viewer powered by OpenSeadragon
124a - 125a