| | e-texts navigator
|
124a1 འཇམ་པ་9།
124a2 ཐམ་ཤིང་དག་སུ་ཕྲག་གིས་འངན།། སྨིན་ནག་པགས་ཤིང་ཤུགས་ནུ་བཅིངས།། ལ་ཞྭག་ཡིན།། སར་ན་གསུལ་གྱིན་པཟླ་གས་ལ།། བུམ་པ་རུས་ཐལ་ཕྱག་གིས་འཛིན། རྡིབས་སུ་ཆུ་སྲིན་མགོ་དགུ་འཅིབས།། རྒྱལ་པོ་ཏར་མཛེས་ཞེས་པ་ཡང་།། མདོག་དཀར་ཤི་བ
124a3 དཔར་མངོན།། སྲས་མཆོག་འབར་པད་མང་པོ་ནི།། མདུང་རིང་གཡས་ལ་ཤེལ་གྲི་གཡོན།། རྡོ་རྗེ་མཛེས་པ་མདོག་དམར་པོ།། རུ་མཚོན་དར་དམར་ཕྱག་གིས་འཛིན།། ཁུ་ལེ་ལག་དགུ་འབར་བ་ཡང་།། མདོག་སེར་སྤྲུལ་པ་ལག་དགུ་འགྱེད།། ཞེང་ལྤག་བགོས་ཤིང་ཏི་ར་གནན།། དྲག་སྔགས་འདག
124a4 ཅི་ཁོར་བཅས།། རང་གི་རིག་ཀྱི་འཁོར་འདུལ་བ།། སོ་སོའི་སྤྲུལ་པ་བསམ་མི་ཁྱབ།། གཅོད་པར་བྱེད་པ་འདུད་ཀྱི་སྡེ།། འཆིང་བར་བྱེད་པ་བཙན་གྱི་སྡེ།། གསོད་བྱེད་ཤན་པ་སྲིན་པོའི་སྡེ།། གདུག་རྩུབ་འཆང་བ་གནོད་སྦྱིན་སྡེ།། དྲག་རྩལ་ལྡན་པ་ལྷ་ཡི་སྡེ།། ནད་གདོན་འབེབས་པམ་མོའི་སྡེ། ནེམ་མཁར
124a5 དཔང་བསྐུར་གཟའ་ཡི་རྗེ།། གླེན་ཚུགས་གདུག་པ་ཀླུ་ཡི་སྡེ།། སྡེ་བརྒྱད་དམོད་པའི་དྲག་སྔཀྲ་ཅན།། མཐུ་དང་རྫུ་འཕྲུལ་བསམ་མི་ཁྱབ།། འཁོར་དང་སྡེ་རིགླ་བརྗོད་མི་ལང་།། ཕྲིན་ལས་མི་ཟད་ལོངས་སྤྱོད་གཏེར།། ཡོན་ཏན་ནུས་པ་དཔག་ཏུ་མེད།། ཞེ་སྡང་ཅན་ལ་ཁྲོ་བར་སྟོན།། དརྒྱལ་ཅན་ལ་ལྷག་པར་པོན།
124a6 འདོད་ཆ་ན་ལ་མི་སྡུག་སྷོ།། ཏི་མུག་ཅན་ལ་མྱོས་པར་སྟོན།། སེར་སྣ་ཅན་ལ་ཕྲོག་པར་སྟོན།། ཕག་དོག་ཅན་ལ་འདི་ག་པར་སྟོན།། ཁྱོད་ཀྱིས་མི་འདུལ་གཅིག་མེད་ཀྱིས།། མཆོད་ཅིང་བསྐྲད་པའི་མཐུན་རྫས་བཞེས།། བཅོལ་ཞིང་གཉེར་བའི་ལས་མཛོད་ཅིག། བསྟོད་ཅིང་བསྒྲུབ་པས་དགྱེས་པ
124a7 དནས་རང་གི་སྙིང་པོ་ད་།། འཇིག་རྟེན་ཐེགྲོ་པའི་བདག་པོ་རྣམ།། སོ་སོའི་སྔགས་ཀྱིས་ལས་ལོ་སྦྱར།། རྡོ་རྗེ་འཛིན་པ་ཆེན་པོ་ཡིས།། བྱང་ཆུབ་སེམས་ཀྱི་བསམ་པ་ཡིས།། ལྟོས་དང་རེ་བ་ཀུན་སྤངས་ཏེ།། སངས་རྒྱས་བསྟན་ལ་རབ་དམིག་ནས།། དྲག་སྔགས་ས་དག་པོ་ཉིད་པསླ་བཱ་ན།། དད་པོ་སངས་རྒྱས་ཐམས
124a8 མཉེས།། རིག་པ་འཛིན་པ་ས་ཐོབ་ཅིང་།། སེམས་ཅན་རྣམས་ཀྱི་སྟོན་པར་འགྱུར།། ཐུན་མོང་བ་དང་ཉེ་བ་དང་།། མཆོག་གྱུར་རིང་བའི་དངོས་གྲུབ་རྣམས།། དཔའ་བོ་དེ་ལ་མངོན་དུ་འབྱུང་།། ཡོན་ཏན་མཆོག་གི་སྟོབས་རྙེད་ཅིང་།། འཇིག་རྟེན་ཆོས་ལ་རབ་བསྔགས་པའི།། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་།། ཨ་ཆེ
iiif viewer powered by OpenSeadragon
123b - 124b