e-texts navigator
Collection
Volume
Page
Wylie

123b1 བ་ཡིས།། རྡོརྡོ་དྲུང་ཁྲག་དཀྲུགས་ཤིང་གསོལ།། གཡས་གཡོན་འོག་མའི་ཕྱག་བཞི་ཡི།། ལྔ་བརྒྱད་ཀླུ་བརྒྱད་ཙིཏྟ་རོལ།། ཡུམ་ཆེན་ཞལ་གཅིག་ཕྱག་གཉིས་མ།། སྐུ་མདོག་མཐིང་ནག་ཞབས་གཉིས་སྦྱོར།། གཡས་ཀྱིས་ནམ་མཁའ་སྤྱོད་པ་འདེཀྲ།། གཡོན་ཀྱིས་འཇིག་རྟེན་ས་གན
123b2 གནོན།། ཞལ་ནས་འབྱུང་བ་ལྔ་འཆར་མ།། དཔལ་ཆེན་ཡུམ་གྱི་བྱིན་རླབས་ལས།། སྤྲུལ་པ་དྲེག་པ་ཕོ་མོའི་ཆོ་ག། བདུད་ནག་མེ་ཡི་ཁ་རླངས་ཅན།། ཞལ་གཅིག་ཕྱག་གཉིས་སྒྲ་མདོག་མཐིང་།། ཁྲམ་ཤིང་ཏྲི་ཤུལ་གཡས་ན་བསྣམས།། གཡོན་གྱིས་ཁ་ཊྭཱ~ཾ་ཞག་པ་ལེན།། ན་བཟང་ཞི
123b3 བློན་པ་གསོལ།། ཞབས་གཉིས་གདུག་པའི་སྙིང་ལ་གཟིར།། ཡུམ་ཆེན་བདུད་མོ་ཁྲག་འཛག་མ།། ཐམ་པ་མ་བོད་ཁྲག་ཕྱག་ན་བསྣམས།། སྤྲུལ་ཞིང་ལྤག་གསར་པ་བགོས།། བདུད་རྟནག་པོ་ཆིབས་སུ་བཅིབས།། ཞབས་ཀྱིས་དགྲ་བཀེག་ཤུགྶ་ཀྱིས་སྒྲོལ།། འཆི་བདག་གཤིན་རྗེ་ནས།
123b4 པོ་ནི།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག། ཕྱག་གཡས་ཟོད་ཁྲག་གྲི་གུག་གཡོན།། བཙུན་མོ་ཡུམ་ཆེན་ཟ་བྱེད་མ།། གྲི་གུག་ཐོད་པ་ཕྱག་ན་བསྣམས།། ཡབ་ཡུམ་ཞིང་ལྤག་རློན་པ་གསོལ།། མ་ཧེ་ཁྲོས་དང་ཆུ་གླང་བཅིབས།། ཞབས་ཀྱིས་དགྲ་བགེགས་ཕོ་མོ་གཟིར་།། སྲིན་པོ་གསོད
123b5 བྱེད་སྐུ་མདོག་ནག། ཕྱག་ན་རལ་གྲི་ཐོད་ཁྲག་བསྣམས།། ཡུམ་ཆེན་གསོད་པར་བྱེད་པ་མོ།། གྲི་གུག་མི་ཐོད་ཕྱག་ན་བསྣམས།། ན་བཟའ་ཞིང་ལྡག་རློན་པ་གསོལ།། ལྷག་སྟེང་རྔམས་པ་ཆིབས་སུ་བཅིབས།། གནོད་སྦྱིན་གང་བ་བཟང་པོ་ཡང་།། ཞལ་གཅིག་ཕྱག་གཉིས་སུ་མདོག་སྔོ།། དང་ནག་འཕྱར་ཞིང་ཞིང་རྫས།
123b6 རྡེབས།། ཡུམ་ཆེན་གཟར་ལ་གཅིག་མ།། ཡབ་ཀྱི་ཚུལ་འཛིན་གྲུབ་པ་མོ།། ཞིང་ལྤག་གྱོན་ཏེ་གྱི་ལིང་བཅིབས།། དྲག་སྔགས་བདག་པོ་ཆེན་པོ་ནི།། དབང་ཕྱུག་ཆེན་པོ་ལྷ་ཡི་གཙོ།། མདོག་དཀར་ཤེལ་གྲི་བ་དན་འཕྱར།། ན་བཟའ་དར་དཀར་བེར་ཆེན་གསོལ།། ཆིབས་སུ་གནམ་རུ་དཀར་པོ་བཅིབས།། ཐར་པ་ནག་པོ་དྱཱ་ཏྲཏྲི་གཿ།།
123b7 མཆོད་གཏོར་དུག་ཐུན་ཕྱག་ན་བརྣམས།། ཞིང་ལྤགླ་གོན་ཏེ་དོ་མནག་བཅིབས།། དམུ་བདུད་རྗེ་དཔོན་ནག་པོ་ནི།། དར་ནག་འཕྱར་ཞིང་ཏི་ར་བགྲད།། པེར་ནག་གསེལ་ཞིང་ད་མུ་རྟ་པཅི་བས།། མུ་སྟེགཱ་ཀཱ་ལ་ཡག་ཤ་ནི།། མཐིང་ནག་ཁ་ཊྭཱཾ་ཏྲི་ཤུ་ལ་འཛིན།། ཞིང་ལྤགས་བགོས་ཏེ་མ་ཧེ་བཅི་བས།། ཁྱབ་འཇུག་རོག་ཏི་ནག་པོ་ཡང་།།




iiif viewer powered by OpenSeadragon

123a - 124a

Texts on this page

Gdg015.8 - drag sngags 'dus pa rdo rje rtsa ba'i rgyud