e-texts navigator
Collection
Volume
Page
Wylie

123a1 ཊཿ།། གསང་བའི་ལས་རྣམས་ཀྱི།། གང་ལ་བསྔག་པ་དེ་དག་སྦྱར།། གཞན་གྱིས་ཐ་མམས་བྱསྟེ།། ངདང་དུས་གསུམ་སངས་རྒྱས་སྦྱིས།། དེ་ལ་རིག་པར་གནང་བ་ཡིན།། ཞེས་བཀའ་སུས་ཏོ།། དྲག་གྷག་འདུས་པ་རྡོན་བྱ་བའི་རྒྱུད་ལས། ཕྲིན་ལས་དམིག་པའི་ཁྱད་པར་མ
123a2 སྦྱར་བའི་ཕེའུ་སྟེ་དཔུར་འོ།། དེ་ནས་རྡོ་རྗེ་འཛིན་པ་ཡིས།། རང་གི་སྐུ་ཡི་ཁྱད་པར་ལས།། དྲེག་པའི་འཁོར་དང་བཅས་པ་ཡི།། ཡོན་ཏན་བསྟོད་པ་འདི་གསུངས།། ཧཱུཾ་དུར་ཁྲོད་ཆེན་པོ་རོལ་པའི་དཀྱིལ་འཁོར་ནས།། གཏུམ་དྲུག་མེ་ལྟར་འབར་བའི་གཞལ་ཡས་ན།། གདུ
123a3 ཏྲཏཱི་ར་རི་ཁྲི་སྟེང་ནས།། མདངས་ལྡན་ཉི་ཟླ་པདྨའི་གདན་སྟེང་ན།། དྲེག་པའི་བདག་པོ་རྡོ་རྗེ་འཛིན་པའི་ག་གོ། བཅོམ་ལྡན་དཔལ་ཆེན་སྟོབས་ལྡན་ནག་པོ་ནི།། སྒྲ་མདོག་མཐིང་ནག་རབ་ཏུ་འབར།། ས་དགུ་རྫོག་པའི་དབུ་དགུ་བསྟན།། སྟོང་པ་བཅོ་བརྒྱད་ལྡན་པའི་ཕྱག། ཞབས་ཀྱིས་འཇིགས
123a4 པའི་བདུད་བཞི་གནོན།། དབུས་མཐིང་གཡས་དཀར་གཡོན་དམར་བ།། ཁྲོ་ཞིང་བཞད་དང་གཅོགས་པའི་ཞལ།། རལ་པ་ཁམ་ནག་སྲིད་རྩེར་འབར།། ཁམས་གསུམ་མ་ལུས་སྤྱན་གྱིས་གཟིགས། ཤངས་ཀྱིས་སྲིད་གསུམ་མ་ལུས་རྔུབས།། སྟན་གྱིས་སྟོང་གསུམ་འབྲུག་སྨྲས་འགེངས།
123a5 ཚེམས་ཀྱིས་གནོད་གདུག་མ་ལུས་སྒྲོལ།། ལྗག་ཀྱིས་གློག་དམར་འཇིག་རྟེན་ཁྱབ།། ཁྲོ་གཉེར་འོད་ཀྱིས་དབང་དུ་སྡུད།། ཕྲིན་ལས་རིགས་ཀྱིས་དབུ་ལ་བརྒྱན།། བཅོ་བརྒྱད་ཕྱག་གི་དང་པོ་གཉིས།། དབང་སྡུད་རྡོ་རྗེ་དྲིལ་བུ་འཛིན།། གཡས་གཡོན་འོག་མའི་ཕྱག་བརྒྱད་ན།། དྲེག་པའི་ལྷ་བརྒྱད
123a6 གཡས།། ཙིཏྟ་སྲོག་རྩ་གཡོན་ན་བསྣམས།། འབར་བའི་ཆས་ཀྱིས་སྐུ་ལ་བརྒྱན།། སྤྲུལ་པའི་ལྷ་བརྒྱད་སྐུ་ལ་རྫོག།། གཡས་གཡོན་ཞབས་ཀྱིས་དྲེགས་པ་གཟིར།། མ་རུངས་གདུལ་དཀའ་རྣམས་ཀྱི་གཤེད་།། ལོག་ལྟ་རཱ་ཏྲ་འདུལ་བའི་དཔལ།། འབྱུང་ལྔའི་བདག་མོ་གཉིས་མེད་ཡུམ།། དབུ
123a7 གསུམ་ཕྱག་དྲུག་ཞབས་བཞི་སྦྱོར།། གྲི་གྲག་ཏྲི་ཤཱུལ་བདུད་རྩི་གཡས།། བྷན་ཞིང་ཚོན་གཡང་གཞི་གཡོན།། མཐིང་ནག་འོད་ཀྱིས་ཀུན་ཏུ་ཁྱབ།། ཆེད་འགའ་རིགས་ཀྱི་སྤྲུལ་པ་ནི།། དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད།། སྐུ་མདོག་མཐིང་ནག་ཁྲོ་ཞིང་རྔམས།། ཕྱག་དྲུག་གཡས་གཡོན་དང་།




iiif viewer powered by OpenSeadragon

122b - 123b

Texts on this page

Gdg015.8 - drag sngags 'dus pa rdo rje rtsa ba'i rgyud