e-texts navigator
Collection
Volume
Page
Wylie

64b1 མེད་པ་ལས།། དེ་བཞིན་ཉིད་ལ་དེ་བཞིན་སུ།། གཅིག་པ་ཉིད་ལ་དུ་མར་རོ།། དགག་དང་བསླབ་པ་མ་མཆིས་ཤིང་།། ཡེ་ཀློང་ཀུན་ཆུབ་ཕྱག་རྒྱར་མཚོན།། རབ་ཏུ་འཁྲུགས་པས་རྔ་མར་གསལ།། ཀུན་ཏུ་གདུལ་བ་གཅིག་ཏུ་འདུས།། འདྲེ་དོན་འཕྲུལ་གྱི་ཡང
64b2 ཞུན་ནོ།། དེ་ལྟར་གསུམ་གྱི་མཐའ་བཅད་ཕྱིར།། ཀུན་གྱི་སྤྱི་ཕུད་བླ་མ་སྟེ།། ཆོ་འཕྲུལ་དུ་མ་ཡི་དམ་ལྷ།། ཀུན་དོན་རྨད་བྱུང་མཁའ་འགྲོ་ཉིད།། འཁྲུལ་པ་ངན་རྟོག་དགག་པ་ཡི།། ཐབས་ཀྱི་རྒྱལ་པོས་འདི་སྨྲས་པ།། དྲི་མེད་མཚོ་གླེང་གི་སར་རྒྱས་པའི་སྟོང
64b3 མངལ་གྱི་མགོས་པདྨ་བཛྲ་རྩལ།། བདེ་བའི་རོ་འབྱིན་ལྷ་ལྷ་མ་མནྡར།། ཐབས་ཤེས་བདེ་སྟོང་གར་གྱི་དབང་ཕྱུག་མཆོག། རྒྱལ་བ་ཡོངས་ཀྱི་ཐུགས་བཅུད་འདུས་པ་སྟེ།། དེ་ཡི་རྩལ་ལས་རྣམ་འཕྲུལ་དུ་མར་སྣང་།། འདུས་པའི་འཁོར་ཚོགས་ཡབ་ཡུམ
64b4 མཆེད་དེ་བརྒྱད།། ཞེ་སྡང་རྡོ་རྗེ་ང་རྒྱལ་རྡོ་རྗེ་དང་།། འདོད་ཆགས་རྡོ་རྗེ་ཕྲག་དོག་རྡོ་རྗེ་དང་།། གཏི་མུག་རྡོ་རྗེ་བདེ་བའི་རྡོ་རྗེ་དང་།། མཚོ་སྐྱེས་རྡོ་རྗེ་ཁྲག་འཐུང་རྡོ་རྗེ་སྟེ།། དཔའ་བོ་ཡབ་ཀྱི་དགྱེས་པ་སྐོར་བའི་ཡུམ།། སྐྱོད་བྱེད་མ་དང་གཤིན་རྗེ་འཇོམས་མ་དང་།། དེ་བཞིན
64b5 སྲེག་བྱེད་མ་དང་ཙིནྟི་ཀ། རྨོངས་བྱེད་མ་དང་ལ་མ་མནྡ་ར།། གསོད་བྱེད་མ་སྟེ་ཐབས་ཤེས་ཡབ་ཡུམ་ཚུལ།། མཐའ་བྲལ་རོལ་པའི་ངང་དུ་རྣམ་པར་གནས།། བུདྡྷ་ཐོད་ཕྲེང་རྩལ་དང་དེ་ཡི་ཡུམ།། བུདྡྷཱ་ནཱཀྟི་རྣམ་པར་རོལ་པ་སྟེ།། དེ་ཡི་ཆོ་འཕྲུལ་འགྱེད་པ་འཁོར་གྱི
64b6 ཚོགས།། བཛྲ་ཐོད་ཕྲེང་རཏྣ་ཐོད་ཕྲེང་རྩལ།། པདྨ་ཐོད་ཕྲེང་ཀརྨ་ཐོད་ཕྲེང་རྩལ།། རྡོ་རྗེ་མོས་པ་རྩལ་དང་མྱུ་གུ་རྩལ།། བཞད་པ་རྩལ་དང་གར་གྱི་དབང་ཕྱུག་སྟེ།། དེ་དག་རྣམས་ལ་གཉིས་མེད་འཁྲོལ་བའི་ཡུམ།། རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས།། བི་ཤ
64b7 སརྦ་དམཚིག་འཇིག་རྟེན་གྱི།། མཁའ་འགྲོ་རྣམས་དང་གཉིས་མེད་མཉམ་རོལ་གནས།། མི་བསྐྱོད་རྡོ་རྗེ་བདེ་བའི་དབྱིངས་ཕྱུག་མ།། ཡབ་ཡུམ་གཉིས་ཀྱི་ཆོ་འཕྲུལ་སྤྲོས་པ་ལས།། པདྨ་འབྱུང་གནས་བློ་ལྡན་མཆོག་གི་སྲེད།། ཉི་མ་འོད་ཟེར་སེང་གེས་སྒྲོག་དང་།།




iiif viewer powered by OpenSeadragon

64a - 65a

Texts on this page

Gdg014.5 - bla ma yi dam mkha' 'gro thams cad kyi sku rgyud shel gyi ri bo rnam par bkod pa