| | e-texts navigator
|
64a1 དུ་གསོལ།། ཟླུ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱིས་རྒྱུད་ཞལ་མོར་བ་ལས། གླེང་བཞིའི་དུ་མིག་གི་ལང་སྐ་དང་པོའོ།། སྟེ།། དེ་ལྟར་བཞིན་ཞུམ་པར་ཛུན།། དཔག་མེད་རྒྱལ་བས་བཀའ་སྩལ་པ།། མྱ་ཧོ་འདུས
64a2 པའི་འཁོར་ཚོགས་རྣམས།། གཟུགས་ཀྱི་རྡོ་རྗེ་ལ་སོགས་ཉོན།། འགྱུར་མེད་ཡེ་ཤེས་རྡོ་རྗེའི་ཚིག། རྟོག་བྲལ་ཆེན་པོས་ཡིད་ལཟུང་།། ཡི་གདངས་ཆེན་པོའི་ཚ་འཕྲུལ་ལས།། རོས་པ་ཡེ་ཤེས་ལྷར་སྣང་བ།། རྐང་གྲངས་མ་ཚན་བཤད་ཇི་ལྟར
64a3 ངེས་དོན་བཀའ་དེ་སྤྲོས་པར་བྱ།། འཇུག་པ་རྣམས་ནི་སྒྲོ་དོན་དུ།། ཆ་བ་སྤྲིན་དང་གྲོལ་བ་དང་།། མཆོག་དང་ཐུན་མོང་བསྒྲུབ་ཕྱིར་དང་།། སྣ་ཚོགས་ལས་ཀྱི་བྱེ་བྲག་རྣམས།། ངེས་པར་འདོད་ལ་གྲངས་ཡང་ཡང་།། རྣམ་པར་ངེས་པ་མེད་མོད་ཀྱང་།། ག
64a4 བྱའི་དོན་དུ་ངེས་པ་ཅན།། རྐང་གྲངས་མཚན་གྱི་འཇུག་སྒོ་བསྟན།། བླ་མ་ཡི་དམ་ཌཱཀྐི་སྟེ།། ཀུན་དོན་ཡེ་ཤེས་རོལ་པ་ལས།། བརྡ་དང་རྟགས་ཀྱི་རིམ་པར་སྤྲོས།། ཕྱི་དང་ནང་དང་གསང་བ་སྟེ།། ཐ་མ་འབྲིང་དང་རབཱ་ཀྱི་བློ།། ངེས་པ་ཅན་དང་ངེས་པ་མེད།། རབ
64a5 ཏུ་མངེས་དེ་བཞིན་ཉིད།། ངེས་པ་ཅན་གྱི་ལྷ་སྤྲོས་པ།། དཔག་ཏུ་མེད་པའི་གཞལ་ཡས་ཁང་།། མཚོན་བྱ་མཚོན་པར་བྱེད་པའི་སྐུ།། ལྷམ་མེར་ལྷང་ངེར་སྣང་བ་ཅན།། སྟེང་དང་འོག་ཏུ་རྣམ་པར་རྒྱལ།། ཕྱོགས་དང་མཚམས་དང་དབུས་དག་དང་།། གྱི་རུ
64a6 གསལ་དང་ནང་དུགས་ལ།། བར་རམ་ཡང་ནི་དེ་བཞིན་ཉིད།། རྣམ་པར་ངེས་པ་ཅན་དུ་སྟེ།། གསལ་འགྲིབ་མེད་པ་རྒྱལ་བའི་སྐུ།། དེ་བཞིན་ཚེ་ཆུང་མཚན་མ་བྲལ།། རྐང་གྲངས་གཅིག་དང་དུ་མ་སོགས།། མཚན་འཛིན་ནོར་པ་རྣམ་པར་སྤང་།། ངེས
64a7 པ་མེད་ལ་ལྷ་རང་ཉིད།། གུད་ན་མ་ཡིན་མཚན་མ་བྲལ།། བརྡ་དང་རྣམ་རོལ་གར་གྱིས་མཚོན།། ཡེ་ཤེས་སྒྱུ་མའི་ལྷར་སྣང་བ།། སྣང་ཙམ་ཉིད་ན་བརྗོད་མཐའ་ཡས།། དེ་ཕྱིར་རྐང་གྲངས་ཆོ་འཕྲུལ་ཏེ།། ཆོ་འཕྲུལ་ཉིད་ལ་ཆོ་འཕྲུལ་ལོ།། རབ་ཏུ་ངེས་པ
iiif viewer powered by OpenSeadragon
63b - 64b