| | e-texts navigator
|
63b1 ཞེས་ཐབ། མ་ཐག་དང་པོའི་སངས་རྒྱས་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་ཅིང་གཟི་བརྗིད་མཐང་ཡས་པའི་དཔལ་ལ་ཟུག་འཚར་ལོ།། ཨ་ན་ཧཱ།། བཀློང་ཆེན་པའི་བཟུང་།། སྤྱོད་པ་དཔག་མེད་རྒྱལ་པོ་། ནས་འ་དགས
63b2 ཚབས་ལྡན་འདུས་པའི་འཁོར་རྣམས་ཀྱིས།། ཐབས་ཤེས་འཇུས་ཤིང་ཚོགས་པའི་ཚེ།། སྣང་སྲིད་རོལ་པའི་འཁོར་རྣམས་ཀྱིས།། གནང་དོན་བསྐྱེད་པའི་དོན་ཞུས་པ།། ཨེ་མ་ཨ་མ་བཅོམ་ལྡན་འདས།། གྱི་ནང་སྣང་སྲིད་རྟེན་བྲེལ་ཀུཿ།། ཡེ་ད
63b3 མི་རོལ་པ་ལས།། མ་དག་པ་དང་དག་པ་དང་།། ཡེ་དག་ཆེན་པོ་དག་པའི་ཀློང་།། སྒྱུ་མ་ལྟ་བུའི་སྐུ་བསྒོམས་ན།། བླ་མ་ལྷ་དང་རྫམྦྷི་དང་།། དེ་དང་དེ་ཡུལ་ཡང་སྤྲུལ་པ།། རྐང་གངས་མཚན་བཤད་སྩལ་དུ་གསོལ།། དེ་བཞིན་རྔོན་ལུས་བརྙ་ཚུལ་དང་།། དཀ
63b4 སེར་དམར་སོགས་སྐུ་མདོག་དང་།། དེ་བཞིན་རྒྱན་དང་ཆ་ལུགས་དང་།། རྣམ་འགྱུར་མཛད་པ་ཕྲིན་ལས་དང་།། རྩིག་མཚོན་འཛིན་དང་དེ་ཚུར་དང་།། དབང་པོ་ཡབ་ཀྱི་རྒྱ་མཚན་དང་།། དཔའ་མོ་ཡུམ་གྱི་རྒྱུ་མཚན་དང་།། དེ་དག་འཁོར་གྱི་རྣམ་གྲངས་དང་།
63b5 འཁོར་བཅས་རྣམས་ཀྱི་སྐུལ་པ་དང་།། སྤྲུལ་པ་དེ་ལས་ཡང་སྤྲུལ་དང་།། དེ་དག་རྣམས་ཀྱི་རྟོགས་བརྗོད་དང་།། དེ་ལྟར་ལྷ་རྣམས་ཇི་ལྟར་བསྲུབ།། ལྷ་དེང་བསྒྲུབ་པའི་དགོས་པ་གང་།། བསྒྲུབ་པའི་འབྲས་པ་ཡོན་ཏན་ཅི།། མ་བསླུཔ་ཉེས་པ་ཇི་ལྟར་འགྱུར།
63b6 ལྟར་བསྒྲུབ་ན་ཇི་ལྟར་བསྲུབ།། ནད་ལྟར་བསྒྲུབ་ན་ཇི་ལྟར་བསླབ།། གསང་ལྷུར་བསྒྲུབ་ནི་ཇི་ལྟར་བསླབ།། དེ་བཞིན་དེ་ཉིད་ཇི་ལྟར་བསྒྲུབ།། ལྷ་མཆོད་ཐུགས་དེམ་ཇི་ལྟར་བསྐང་།། བདག་ཉིད་ལྷ་རུ་ཇི་ལྟར་གསལ།། མདུན་དུ་བབྱེད་ཚུལ་ཇི་ལྟ་བུ།། དམ་ཚིག
63b7 སེམས་དཔའི་ངོ་བོ་གང་།། དེ་བཞིན་ཡེ་ཤེས་སེམས་དཔའ་གང་།། དེ་ཉིད་བསྲོས་ན་ཇི་ལྟར་བསྲེ།། དབང་བསྐུར་རྒྱས་འདེབས་ཇི་ལྟར་བྱ།། དེ་དག་རྣམས་ཀྱི་རྒྱུ་མཚན་གང་།། བདག་ཅག་འདུས་པའི་འཁོར་རྣམས་ལ།། དགོངས་བཀྲོལ་ནས་ཕུལ
iiif viewer powered by OpenSeadragon
63a - 64a