e-texts navigator
Collection
Volume
Page
Wylie

63a1 བསྐད་དཔག་མེད་རྒྱལ་པོ་ཡིས།། དབང་པོ་ལ་སོགས་འཁོར་རྣམས་པ།། རང་བཞན་ཀོང་ནས་རང་བབས་ས།། པདྨ་ཐུགས་ཀྱིས་སྨྲས་པ་དང་།། བྱང་ཆུབ་སེམས་དཔ་ཆགས།
63a2 པོ་ལ་སོགས་དང་།། མ་མོ་མཁའ་འགྲོར་བཅས་པ་རྣམས།། རྗེས་སུ་ཡི་རང་ཚུལ་གྱིས་ནི།། ཨེ་མ་ཨེ་མ་བཅོམ་ལྡན་འདས།། ཡང་དག་དོན་ལྡན་བླ་ན་མེད།། ལེགས་སོ་ལེགས་སོ་ལེགས་པར་སྨྲས།། བསྟོད་བསྔགས་རྔམས་མཛ
63a3 ཐུགས་བཅུད་འདུས་པའི་རྒྱུད་ཀྱི་རྒྱལ་པོ་པད་སྡོང་བརྩེགས་པ་ལས། རྫས་སུ་ཡི་རང་ཞིང་མངོན་པར་བསྟོད་པའི་ལེའུ་སྟེ་ཉེར་གཅིག་པའོ།། ། ཨཱ~ཾ།། ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསུང་གི་དབང་ཕྱུག་གཟི་བརྗིད་འོད་དདག་མེད་ཀྱི
63a4 རང་བྱུང་དུ་བབས་པའི་བཀའ་དྲི་མ་མེད་པའི་སྐུ་དང་གསུང་དང་ཐུགས་ཡོན་ཏན་དང་། ཕྲིན་ལས་མི་ཟད་པ་དཔལ་དུ་འབར་བའི་དགོངས་པ་མངོན་དུ་བྱུང་བ། རྒྱུད་ཀྱི་རྒྱལ་པོ་པད་སྡོང་བརྩེགས་པ་ཞེས་བྱ་བ་རྫོགས་སོ།། །། ས་མ་ཡ། རྟ་ན་གཟུགས
63a5 པའི་ཚོགས་ཀྱིས་བཀའ་འདི་སྤངས། གཏོར་ཀུན་དམ་ཉམས་ལོག་ལྔ་ཅན་གྱི་དབང་པོ་སྐབས། སྐལ་ལྡན་ལས་ཅན་གསུང་གི་སྐྱེས་དང་འཕྲད་པར་ཤོག། ས་མ་ཡ། ཆུ་རྒྱ་ཆེ། དྷ་ཐིམ། གྷཿ། སྦྲུལ་ཕྲུ་གར་གྱི་དའང་ཕྱུག་སངས་རྒྱས་གླིང་པས།
63a6 ཡོས་ཀྱི་ལོ་གླང་གི་ཟླ་བའི་ཚེས་བརྒྱད། ཡོས་ཀྱི་ཉི་མ་ཉི་དྲོས་འབྲུག་གི་དུས་སུ། བླ་དཀར་དུང་གི་སྒོ་མོ་ནས། ཀླུ་བརྩོན་དྲག་པོ་ཡབ་ཡུམ་གྱི་བསྙེན་བཀུར་བྱས་ནས་གཏེར་ཕུལ་བ་ལགས་སོ།། ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་བཀྲ་ཤིས་པར་གྱུར
63a7 ཅིག།། ཨུ་རྒྱན་གསང་བ་བརྡའ་སྐད་དུ། ཤཀྴ། མ་ཁྲག་ས་ཙཀྲཱཿ། རྒྱ་གར་སྐད་དུ། གྷུ་རུ་ཏེ་ཝཊྚཀྐི་ནི་སརྦཀྵ་ཡ་ཏམྦྷས་མ་ལ་བ་ར་ཏ་ནི་སྭཥྚ་ན་མ། བོད་སྐད་དུ། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་རྣམ་པར་བཀོད་པ




iiif viewer powered by OpenSeadragon

62b - 63b

Texts on this page

Gdg014.4 - bla ma yi dam mkha' 'gro thams cad kyi thugs bcud 'dus pa'i rgyud kyi rgyal po pad sdong brtsegs pa
Gdg014.5 - bla ma yi dam mkha' 'gro thams cad kyi sku rgyud shel gyi ri bo rnam par bkod pa