| | e-texts navigator
|
62b1 སྣ་ཚོགས་སྤྱོད་པ་རླན་པོ་མས།། གདུལ་བྱའི་མས་བློ་ཐ་དད་ལ།། རྣམ་པ་བཞི་མ་དྲན་བྱེར་འགྱུར།། དེསྲས་སྦལ་དང་ཡང་སྐལ་དང་།། ས་རངས་དོན་བྱེད་སྐྱེས་དྲན།། ཚོ་ཐུང་པ་ལ་ལ་ཞིང།། འདི་ཉིད་མཚན་ཅམ་འཛིན་པ་འབྱུང་།། དེ་ནང
62b2 ཉི་མའི་ཟེར་ཐག་ལྟར།། སྟང་སྦྲུལ་ཁྱབ་བྱེད་གནས་སྐབས་འགར།། འཕྲོས་པའི་ཕྲེང་བའང་རེ་རེ་ཙམ།། མཐའ་ནས་མཐང་རུ་འབྱུང་བར་འགྱུར།། ཚུལ་མིན་འཆོལ་བར་འབྱུང་སྲིད་ཀྱི།། ཚུལ་འདི་ནམ་ཡང་འཇིག་མི་མངའ།། ཅི་རྩི་མ
62b3 གདུང་འཛིན་པ།། གཡུང་དྲིང་ཉིད་དུ་བརྟན་པའོ།། བསྟན་པ་དམ་པ་འདི་དང་ནི།། དོན་བྱེད་དམ་པ་སྤྲུལ་པར་བརྔས།། འདི་འབྲང་སྲིད་པ་མ་ལུས་ཀུན།། མི་ནུབ་དར་རྒྱས་གཉིས་ལྡན་ཤོག། ཐུགས་བཅུད་འདུས་པའི་རྒྱུད་ཀྱི་རྒྱལ་པོ་པད་སྟོང་བརྩེག
62b4 པ་ལས། མ་འོངས་ལུང་བསྟན་དང་སྨོན་ལམ་གྱི་ལེའུ་སྟེ་བཅུ་དགུ་པའོ།། ཨཱི།། ། འདི་ནི་བསྟན་པ་གང་བབ་ཀྱི།། རིན་ཆེན་བཞུས་པའི་ཁུ་བའམ།། ཡང་ན་གང་འཐད་སྨན་སོགས་ཀྱིས།། བྲིས་ཤིང་ལུས་པ་བཅངས་པས་ཀྱང་།། མཽ་འདིར
62b5 དང་མིས་མཆོད་ཅིང་།། བར་དྲུགཅོད་པའི་བདུད་ཚོགས་ཀྱང་།། ཞི་བའི་ལས་ལ་གནས་པ་དང་།། བཀུར་སྟིར་བཅས་ཏེ་བསྲུང་བར་འགྱུར།། ཚེ་འཕོས་ལྷས་བཟང་མཚན་མར་བཅས།། རླུད་གདོན་དུཿཁ་ཉེ་ཞ་ཞིང་།། མཐའ་ཡས་བཀོད་སོགས་ནི
62b6 ཁམས་སུ།། འགྲོད་འགྱུར་ནི་རློམ་མེང་གྱུར་ན།། བསྒྲུབ་ཅིང་ཉམས་སུ་བླངས་པས་ནི།། བླ་མེད་འབྲས་བུ་རྒྱར་ཐོབ་སྟེ།། རང་གཞན་དོན་གཉིས་འགྲུབ་པ་དང་།། འབྲས་བུ་ལྡན་རྫོགས་སྤོས་ཀྱི་དགོས།། དེ་བྱེར་བསྟན་ལ་ཞུགས་རྣམས་ཀྱིས།། ཉམས
62b7 སུ་ལེན་དང་གཞན་ལ་སྟོན།། འབྲི་ཀློག་འཆང་ཞིང་གསོལ་བ་གདབ།། དེ་འབྲས་ནུས་པ་དཔག་པར་དཀའ།། ཐུགས་བཟུད་འཇུས་པའི་རྒྱུན་གྱི་རྒྱལ་པོ་པད་སྤོང་བརྩེགས་པ་ལས། ཆེ་བའི་ཡོན་ཏན་དང་བཅང་ཐབས་བསྟན་པའི་ལེའུ་སྟེ་ཉི་ཤུ་བའོ།།
iiif viewer powered by OpenSeadragon
62a - 63a