| | e-texts navigator
|
62a1 དམིགས་པའི་མདའ་བསྣུན་འཕེན་བྱས་ཏེ།། དབབ་བསྐྱིལ་བཟློག་བཀྲམ་དབང་དཔྱོར་ཐོབ།། དང་གཞན་སྤྱོར་བྱས་ལས་ལ་མྱུར།། ཐ་མ་ཉིད་དེ་རིམ་པས་སོ།། མཐར་ཐུག་ངན་སྟོན་ཡེ་ཤེས་བསྐྱེད།། ང་སྤྲོད་རྒྱས་གདབལ
62a2 སོགས་ཏེ།། ཡང་དག་བླ་མེད་འབྲས་བུའི་མཆོག། རང་གཞན་རྣལ་འབྱོར་རྒྱལ་པོས་བལྟ།། ཐུགས་བཅུད་འདུས་པའི་རྒྱུད་ཀྱི་རྒྱལ་པོ་པད་སྡོང་བརྫོགས་པ་ལས། ཁྭ་ཀྐིའི་ཆགས་ལམ་གསང་བ་བླ་མད་ཀྱི་གདམས་པ་བསྟན་པའི་ལེའུ་སྟེམ་དུ་བདུན
62a3 པའོ།། ཨཱ།། ། བསྐྱེད་རྫོགས་བརྟན་པ་ཐོབ་པ་ཡི།། འབྲས་བུ་བཅུད་དུ་སྨིན་ཚུལ་དག། གནས་སྐབས་མཐར་ཐུག་ཡང་དགདོན།། ངོ་བོ་དབྱེར་མེད་གྲུབ་ཚུལ་ནི།། ཆད་རྟགས་ཡིད་གཉིས་ལས་གྲོལ་ཏེ།། འབྲས་བུ་སྐུ་གསུམ་བཅུད་ངུ་སྨིན།། 8
62a4 གཞན་ཀུན་དོན་ལས་བྱེད་ཅིང་།། དོན་གཉིས་ཡང་དག་ཆོད་དུ་ལྡང་།། ཕ་རོལ་རྒོལ་བ་སུན་འབྱིན་ནས།། སྣ་ཚོགས་ལས་ལ་དབང་འབྱོར་ཏེ།། ཡང་དག་ས་ལ་འགོད་པ་དང་།། ཡང་ན་དབྱིངས་སུ་གྲོལ་བར་བྱེད།། དབང་པོ་གསུམ་གྱི་ཁྱད་པར་ལས།།
62a5 འདི་ཉིད་དང་ནི་བར་དོ་རུ།། གཅིག་གི་བརྒྱད་དེས་ཆོད་ནས། ཡང་དག་བརྟན་པ་མི་གཡོ་འགྱུར།། རྡོས་བཅས་ཉིད་དང་བྲལ་བའི་ཚེ།། རྡུལ་བྲལ་མཁའ་དང་འོད་ཟེར་འཇའ།། ཡིག་འབྲུ་སྐུ་གདུང་རིང་བསྲེལ་སོགས།། སྐུ་གསུམ་ཐོབ་རྟགས་མང་འ་བྱུང
62a6 འགྱུར།། འབད་པ་དོན་ཡོད་གཅིག་ཆོ་ག་ཉིད།། འདི་ནི་དུས་གསུམ་རྒྱལ་བའི་བཀའ།། ལ་ལས་རྣ་བའི་དབང་པོ་རུ།། ལན་ཅིག་ཐོས་ཀྱང་དོན་ཆེན་འགྲུབ།། ཐུགས་བཅུད་འདུས་པའི་རྒྱུད་ཀྱི་རྒྱལ་པོ་པད་སྡོང་བརྩེགས་པ་ལས། བསྐྱེད་རྫོགས་ཀྱི་འབྲས
62a7 བུ་གྲིབ་ཚུལ་བསྟན་པའི་ལེ་ཁྲི་སྟེ་བཅོ་བརྒྱད་པའོ།། སླེ།། ། འདི་ལ་དབང་སྤྱོད་རིག་པའི་བུ།། སྐྱེ་འཆི་མི་གོས་རྡོ་རྗེ་སྒྲ།། རྗེ་མེད་མཆོད་བྲས་འདབ་བརྒྱད་ལས།། ལེགས་ཀྱང་སྤྲུལ་སྐུ་པདྨ་འབྱུང་།། རྒྱལ་བ་རྣམས་ཀྱི་ཕྲིན་ལས་བདག་།
iiif viewer powered by OpenSeadragon
61b - 62b