e-texts navigator
Collection
Volume
Page
Wylie

54a1 ཛན། ལྗགས་རིན་པོ་ཆེ་འབར་བ། དྲུག་པ་ལ་བདག་ཉིད་དོན་ཡོད་གྲུབ་པ། ལྗགས་སྔ་ཚོགས་རྡོཿ། བདུན་པ་ལ་བདག་ཉིད་མཆུ་སྐྱེས་རྡོ་རྗེ། ལྗགས་གསེར་གྱི་རྡོ་རྗེ། བརྒྱད་པ་ལ་བདག་ཉིད་རྟ་མགྲིན་དབང་ཆེན། ལྗགས
54a2 དངུལ་གྱི་གྲི་གུག། དགུ་པ་ལ་བདག་ཉིད་ཡུམ་རྡོ་རྗེ་ཕག་མོ། ལྗགས་གནམ་ལྕགས་ཀྱི་རལ་གྲིར་བསམས་ལ་བཀླག། དེ་ཙམ་སྤོས་པ་ལ་མི་དགའ་ན། བདག་ཉིད་སྟོན་པ་སྣང་བ་མཐའ་ཡས། ལྗགས་པདྨ་དམར་པོ་འདབ་མ་ཅན་དུ་བསམས་པ། ཧ་ཅང
54a3 འི་རྣམ་པ་ཅན་གང་ཡང་མ་ཡིན་པར་བཀྲག། བར་གྱི་ཐུན་མཚམས་རྣམས་སུ་གཏོར་མཆོད་དང་ཚོགས་ཀྱི་ཡོ་བྱད་ལ་སོགས་པ་འབུལ། རྣལ་འབྱོར་པའི་ལུས་དག་ཡིད་གསུམ་དཀྱིལ་འཁོར་གསུམ་གྱིས་མ་ཧེ་དང་མ་བྲལ་ཞིང་། སྐབས་སུ་དམ་ཆོག་དང་ལྡན
54a4 པའི་གྲོགས་དུ་ཡོད་པས་རྩ་བ་གསུམ་གྱི་བསྙེན་འཛབ་བརྗོད། དེ་ལྟར་འབད་པས་འཇའ་དང་འོད་དང་། ཟེར་དང་། དྲི་བཟང་གི་དད་པ་དང་། ཆོས་ཀྱི་སྒྲ་དབྱངས་ལ་སོགས་པའི་སྒྲ་དང་། གླེགས་བམ་ལ་འོད་འབར་བ་ལ་སོགས་པའི་ལྷས་བྱུང་བར་འགྱུར་རོ།།
54a5 དེ་ནས་མཆེད་དང་ལྷམ་དྲལ་ལ་སོགས་པ་འདུས་པ་རྒྱ་མཚོ་ལ་ཟབ་མོ་ཚོགས་ཀྱི་འཁོར་ལོ་དང་ཡོན་འབུལ་ཅི་འགྲུབ་བྱས་ཤིང་། དུས་བཟང་པོའི་ཚེ་སྔ་དྲོ་དང་པོར་གླེགས་པ་མ་རང་གི་སྤྱི་བོར་བླངས་པ་ཙམ་གྱིས་ཕྱོགས་དུས་ཀྱི་བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའ། ཡི་དམ
54a6 ཞི་ཁྲོ་རབ་འབྱམས། དཔའ་བོ་མཁའ་འགྲོ་ལ་སོགས་པ་ཐམས་ཅད་རང་གི་སྤྱི་བོར་སྲུང་གིས་བྱོན་ནས་བྱིན་གྱིས་བརླབ། དབང་བསྐུར་མཛད་དེ་ཐམས་ཅད་རང་གི་སྙིང་གར་སོབ་ཀྱིས་ཐིམ་པར་བསམས་ལ། རྣམ་པར་མི་རྟོག་པའི་ངང་ལ་མཉམ་པར་གཞག
54a7 གླེགས་བམ་ནམ་དུ་ཡང་ཞལ་མ་ཕྱེ་བར་རང་གི་མཆན་ཁུང་གཡོན་དུ་དྲོད་དང་སྐད་ཅིག་ཀྱང་མ་བྲལ་བར་འཆང་ཞིང་དུས་དང་རྣམ་པ་ཐམས་ཅད་དུ་དད་པ་མོས་གུས་ཀྱི་ཤུགས་བསྐྱེད་ལ་ཅི་ལྟར་འདོད་པའི་དོན་འབྲས་ལ་གསོལ་བ་གང་བ། དེ་ནས་བཀྲ་ཤིས་ཀྱི་ཚིགས




iiif viewer powered by OpenSeadragon

53b - 54b

Texts on this page

Gdg014.3 - bla ma dgongs pa 'dus pa las/ dad rtson dang ldan pa'i skyes bus rgyud 'chang ba'i thabs dang/ rgyud kyi che ba bstan pa