e-texts navigator
Collection
Volume
Page
Wylie

53b1 སྣཚོགས་དང་བཅས་པ་རིན་པོ་ཚོང་ཟ་མ་ཏོག་གམ་གཟུར་བཙལ་ནས། བླ་མ་ཡི་དམ་མཁའ་འགྲོད་དཀྱིལ་འཁོར་གྱི་དབུས་སུ་ཁྲིའུ་ཁར་བཞུགས་སུ་གསོལ། དེ་ནས་རང་ཉིད་དྲི་བཟང་པོའི་ཆུས་ཁ་ལག་གདོང་གསུམ་དག་པར་བཀྲ། གོས་གས་པ་དྨར
53b2 མིད་པ་གོན་ཅིང་། བདེ་བའི་སྟན་ལ་གནས་པས་སྐྱབས་འགྲོ་སེམས་བསྐྱེད་ལ་སོགས་པ་སྔོན་དུ་འགྲོ་བའི་ཆོས་སྤྱོད་བྱ། ཡུལ་ཕྱོགས་ཀྱི་གཞི་བདག་དང་། འབྱུང་བའི་ཚོགས་ལ་གཏོར་མ་བྱིན་ལ་བདེན་པའི་སྟོབས་བརྗོད། དེ་ནས་བླ་མ་ཡི་དམ་མཁའ་འགྲོའི
53b3 ས་མ་ཧི་དང་ལྡན་པས། གླེགས་བམ་གུ་གུལ་གྱི་དུད་པས་བདུག་ཅིང་། སྭ་བྷཱ་ཝས་སྟོང་པར་སྦྱངས་པའི་ངང་ལས། གླེགས་བམ་གྱི་བྲིས་གཞི་གཞལ་ཡས་ཁང་རྣམ་པར་དག་ཅིང་བཀོད་པ་དུ་མ་དང་ལྡན་པར་གསལ་བའི་ནང་དུ། ཡིག་འབྲུའི་ངོ་བོ་ཐམས་ཅད
53b4 ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་འཁོར་དང་བཅས་པའི་རྣམ་པར་གསལ་ཞིང་། དེ་དག་ཐམས་ཅད་ཀྱང་། རང་རང་གི་རྒྱན་ཆ་ལུགས་རྣམ་འགྱུར་དང་བཅས་པས། རྒྱུད་དགུ་པོའི་ཚིག་འབྲུ་ཡང
53b5 སྐད་དུ་ཏི་རེ་རེ་བཀླག་པར་བསམ་པ་ལ་ཡང་། ཆོས་གསུང་ཡིག་འབྲུའི་ཆར་སྒྲ་ཚི་ལི་ལི་བབས་པས་གླེགས་པ་མ་ལ་ཐིམ། གཞན་ཡང་བླ་མ་ཡི་དམ་མཁའ་འགྲོ་སངས་རྒྱས་བྱང་ཆུབ་སེམས་དཔའ་ལ་སོགས་པ་འཕགས་པའི་ཚོགས་བསམ་གྱིས་མི་ཁྱབ་པ།
53b6 བྱོན་ནས་གླེགས་བམ་དུ་བསམས་པའི་སྐུ་ལ་ཐིམ་པར་དམིགས་ཏེ། གཞན་དུ་ལས་ཀྱི་པོ་ཏི་བྲིས་པའི་རྒྱུད་ཚིག་དགུ་པོ་རབ་བརྒྱ་རྩ་བརྒྱད། འབྲིང་ལྔ་བཅུ་རྩ་བཞི། ཐ་མ་ཉེར་བདུན་བཀླག་པའི་དུས། དང་པོ་ལ་རང་ཉིད་སྟོན་པ་སྣང་བ་མཐའ་ཡས་སུ་བསྐྱེད་དེ།
53b7 པདྨའི་ལྗགས་ཀྱིས་བཀླག། དེས་འགྲེ་བར། གཉིས་པ་ལ་བདག་ཉིད་རྣམ་སྣང་། ལྗགས་འཁོར་ལོ། གསུམ་པ་ལ་བདག་ཉིད་འང་དཔག་མེད། ལྗགས་པདྨ། བཞི་པ་ལ་བདག་ཉིད་རྡོ་རྗེ་སེམས་དཔའ། སྔགས་རྡོ་རྗེ། ལྔ་པ་ལ་བདག་ཉིད་རིན་ཆེན་འབྱུང




iiif viewer powered by OpenSeadragon

53a - 54a

Texts on this page

Gdg014.3 - bla ma dgongs pa 'dus pa las/ dad rtson dang ldan pa'i skyes bus rgyud 'chang ba'i thabs dang/ rgyud kyi che ba bstan pa