| | e-texts navigator
|
39a1 འོག་མིན་གྱི་གནས་རིགས་ལྔ་ཡབ་ཡུམ་སྦྱོར་བའི་མཚམས་སུ་ཞུགས་ནས། རིགས་ལྔས་ཐབས་དང་ཤེས་རབ་ཏུ་རོལ་པ་ལས། ཐུགས་ཀྱི་དཔལ་བེའུར་གྱུར་ནས་དབུའི་རྒྱན་དུ་བྱིན་ནས། རིན་པོ་ཆེ་བསྟར་ལ་བརྒྱུས་ད།
39a2 གསང་བའི་མཁའ་གཉིས་ལས་ལམ་དུ་ཕྱུང་སྟེ། གཉིས་སུ་མེད་པའི་སྲས་སུ་གྱུར་ཏེ། གཉིས་ནི་བྱང་ཆུབ་ཀྱི་སེམས་རྣམ་གཉིས་སུ་གྱུར། བརྒྱད་ནི་བྱང་ཆུབ་སེམས་དཔའ་བརྒྱད་དུ་གྱུར་ཏེ། ཕྱོགས་བཅུའི་འཕགས་པ་ཐམས་ཅད་ཀྱང་རེ་ངོམས
39a3 བལྡག་པ་མཛད་ཅིང་དབང་བསྐུར་ནས་རྒྱལ་བའི་གདུང་རྒྱུད་འཛིན་པའི་སྲས་སུ་གྱུར་ཏེ། བྱིན་གྱིས་བརླབས་ཏེ་ཚད་མེད་པ་བཞིའི་སྒོ་ནས་འཁོར་བ་མ་སྟོངས་ཀྱི་བར་དུ་དོན་མཛད་པའི་ཚེ། བྱང་ཆུབ་སེམས་དཔའ་རྣམ་གཉིས་དང་། འཁོར་ཉེ་བའི
39a4 བརྒྱད་དང་མཆོད་པའི་ལྷ་མོ་བརྒྱད་ལ་སོགས་པར་ཕྱུང་ནས། འགྲོ་བའི་དོན་མཛད་པའི་ཞི་བས་འདུལ་བའི་སྐལ་བ་དང་མི་ལྡན་པའི་བདུད་དང་སྲིན་པོ་དང་། དགྲ་དང་བགེགས་འདུལ་ཞིང་ཚར་གཅོད་པར་མཛད་ཙམ་ན། རིགས་ལྔ་ཡབ་ཡུམ་གཉིས་སུ་མེད
39a5 པའི་བྱང་ཆུབ་སེམས་ལས་རྡོ་རྗེ་འཛིན་པ་མཐུ་སྟོབས་ཀྱི་མངའ་བདག་ཞེ་སྡང་གི་སྐུར་གྱུར་ནས། ཉི་མའི་གདན་ལ་སོ་སོར་བཀོད་པའི་ཞི་ཁྲོ་ཕྱེད་མའི་ཐུགས་ཀ་ནས། ཁྲོ་བོ་བཅུ་ཕྱུང་། ཁྲོ་བོ་བཅུའི་སྐུ་མི་མངོན་ནམ་མཁའི་དབྱིངས་དེ་བཞུགས་ནས་ཐུགས་གསང
39a6 པའི་མཁའ་ཉི་མའི་དཀྱིལ་འཁོར་དུ་བྱུང་ནས། ཡབ་ཡུམ་ཐབས་དང་ཤེས་རབ་ལས། འཇིག་རྟེན་གྱི་ཁམས་བསྲེག་སྦྱང་ཚུལ་བཞིན་དུ་མཛད། བདུད་དང་དགྲ་བགེགས་བཏུལ་ཞིང་ཚར་བཅད་ནས། མིང་ཡང་མི་གྲགས་པར་གྱུར་ནས། དེ་ནས་དངོས
39a7 པོའི་ཆོས་རྟག་པ་ཐེར་ཟུག་ཡིན་པའི་ཕྱིར་རིམ་གྱིས་བསྡུས་ནས་ཐུགས་ཀར་ཐིམ་སྟེ། ཐུགས་མི་གནས་པའི་དབྱིངས་སུ་བསྡུས་ཏེ་བཞུགས་པའི་སངས་རྒྱས་འདུལ་བའི་དུས་ལ་བབ་པོ་ཞེས་བཀའ་སྩལ་པས། བྱང་ཆུབ་སེམས་དཔའ་ངག་གི་དབང་ཕྱུག་གིས། སྟོན
iiif viewer powered by OpenSeadragon
38b - 39b