| | e-texts navigator
|
35b1 ལམ་དུ།། ཡོ་བྱད་འབྱོར་ཚོགས་ཆུང་བ་མཐོལ་ལོ་བཤགས།། ཡི་དམ་ལྷ་ཚོགས་རྣམས་ཀྱི་སྤྱན་ལམ་དུ།། མངོན་རྟོགས་སློང་ལེན་བགྱིས་པ་མཐོལ་ལོ་བཤགས།། མཁའ་འགྲོ་སྡེ་བཞི་རྣམས་ཀྱི་སྤྱན་ལམ་དུ།། ཁས་བླངས་དམ་བཅའ་ཉམས་པ་མཐོལ་ལོ
35b2 བཤགས།། ཆོས་སྐྱོང་སྲུང་མ་རྣམས་ཀྱི་སྤྱན་ལམ་དུ།། གཏོར་མ་ལོ་ཟླར་འགྱངས་པ་མཐོལ་ལོ་བཤགས།། དུས་གསུམ་ཕམ་རྣམས་ཀྱི་སྤྱན་ལམ་དུ།། དྲིན་ལ་ལན་གྱིས་མ་ལོན་མཐོལ་ལོ་བཤགས།། མཆེད་དང་ལྡུམ་དྲལ་རྣམས་ཀྱི་སྤྱན་ལམ་དུ།། དམ་ཚིག་རྩེ
35b3 གདུང་ཆུང་བ་མཐོལ་ལོ་བཤགས།། འགྲོ་དྲུག་སེམས་ཅན་རྣམས་ཀྱི་སྤྱན་ལམ་དུ།། སྙིང་རྗེ་ཕན་སེམས་ཆུང་བ་མཐོལ་ལོ་བཤགས།། སོ་སོར་ཐར་པ་རྣམས་ཀྱི་སྡོམ་པ་དང་།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་དང་།། རིག་པ་འཛིན་པ་སྔགས་ཀྱི་དམ་ཚིག་སོགས།། 1
35b4 པ་ཐམས་ཅད་མཐོལ་བཤགས་མི་འཆབ་པོ།། མི་སྦེད་སླན་ཆད་གཅོད་ཅིང་སྡོམ་པར་བགྱིད།། དུས་གསུམ་བྱས་བསགས་སྡིག་སྒྲིབ་མཐོལ་བཤགས་ན།། ཚངས་པར་མཛད་ནས་སྐུ་གསུང་ཐུགས་ལ་སོགས།། མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ།། ཞེས་གསུངས
35b5 ནས་འཁོད་རྣམས་རྗེས་སུ་ཡི་རངས་པར་གྱུར་ཏོ།། དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས། ཡོངས་སུ་གཏད་པའི་བཤགས་པ་དང་རྗེས་སུ་ཡི་རང་བ་སྟེ་ལེའུ་བཅུ་དྲུག་པའོ།། །། དམ་ཚིག་ཐམས་ཅད་ཀྱི་ཉམས་ཆག་སྐོང་པའི་ལུང་། བཤགས་པ་ཐམས་ཅད
35b6 ཀྱི་རྒྱུད་དྲི་མ་མེད་པའི་རྒྱལ་པོ་ཞེས་བྱ་བ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་བི་མཱ་ལ་མི་ཏྲ་དང་། བོད་ཀྱི་ལོ་ཙཱ་བ་གཉིགས་ཛྙཱ་ན་ཀུ་མ་རས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། དུས་ཀྱིས་ཡི་གེ་རྒྱན་འབྱུགས་པར་མདག་པ་རྣམས་སྔར་གྱི་དཔེ་ཁུངས་ཐུབ་དག་ལ་གཏུགས་ཤིང་གོང་མའི་གསུང་རྒྱན་དང་།
35b7 གཙུང་དོན་པ་དཔྱད་དེ་རང་བཟོས་པ་བསླད་པ་དགེ་སློང་ངཚོ་གྱིས་བཞད་པ་བརྡ་ཚིག་གཉིས་ཀ་དཔྱི་བྱིན་གྲུས་དག་པར་བགྱིས་ཏེ་ཡིད་གཏན་དུ་རུང་བའི་ཕྱི་མོར་བསྔགས་པ་དག་པར་བས་ཤིས་པར་གྱུར་ཅིག།། སླར་ཡང་སྔར་ནས་གམས་དང་དོར་ཕྱོགས་རིག་ཏུན་སོང་ཀྱིས་པས་ཚི་འབྱུང་གར་དེ་ཆད་ལྷག་རྣམས་ཞིབ་པར་གཅོས་ཏེ་ཡིད་བརྟན་དུ་རུང་བར་བགྱིས་པའོ།། །
iiif viewer powered by OpenSeadragon
35a - 36a