e-texts navigator
Collection
Volume
Page
Wylie

35a1 བྱས་བཀའ་སྲུང་རྣམས་ལ་བཤགས།། ཞེས་གསུངས་སོ།། དེ་ནས་འཁོར་རྣམས་མཉེས་ནས་སྐུ་གསུང་ཐུགས་ལ་བཤགས་པ་འདི་གསུངས་སོ།། དུས་གསུམ་བདེ་གཤེགས་རྒྱལ་བ་འཁོར་དང་བཅས།། རྡོ་རྗེ་དམ་ཅན་མ་ལུས་དགོངས
35a2 སུ་གསོལ།། དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ།། སྒྲུབ་པའི་རིག་འཛིན་བྱང་ཆུབ་གོ་འཕང་དུ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བསྒྲུབ་པའི་ཕྱིར།། ཡི་དམ་ལྷ་དང་རྡོ་རྗེ་སློབ་དཔོན་དང་།། གསང་བའི་དམ་ཚིག་གྲངས་སུ་མནོས་པ་ལས།། དམ་བཅས་བཀའ་ལས
35a3 འདའ་བར་མི་བགྱི་སྟེ།། ལས་དང་སྐལ་བས་དམྱལ་བར་སྐྱེ་བར་འགྱུར།། འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང་།། ཕྲག་དོག་ལ་སོགས་ཤོར་ནས་ནོངས་བགྱིས་པ།། རྡོ་རྗེ་སློབ་དཔོན་སྟོན་པའི་སྒྲོན་མེ་ལ།། སྙིང་ནས་སྨད་ཅིང་དམ་ཚིག་ཉམས་པ་དང་།། དམ
35a4 ཚིག་གཅིག་པའི་རྡོ་རྗེ་སྤུན་རྣམས་ལ།། ངན་སེམས་ལོག་པར་བལྟ་བ་ལ་སོགས་པ།། སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས།། ཡི་དམ་ལྷ་ཡི་ཕྱག་རྒྱ་མ་གསལ་ཞིང་།། སྔགས་ཀྱི་བསྙེན་པ་གྲངས་ལས་ཆད་པ་དང་།། དུས་དྲུག་ལས་ཀྱི་མཆོད་པ་ཁྱད་པར་དུ།། གཉེན
35a5 སྐབ་བསྐར་བའི་ཆོ་ག་མ་བགྱིས་ཏེ།། བཀའ་ལྟར་མ་ལྕོགས་གཞུང་བཞིན་རྔོ་མ་ཐོགས།། གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས།། རྡོ་རྗེ་སློབ་དཔོན་བྱམས་པའི་བཀའ་དྲིན་གྱིས།། སྙན་ཁུང་བརྒྱུད་ནས་སེམས་ཀྱི་དཀྱིལ་དུ་བཞག། ཐུགས་ཀྱི་མན་ངག་བྱིན་པས་དང
35a6 ཚིག་འདྲེས།། གསང་མཚམས་འདས་ནས་འཆོལ་བར་སྨྲས་ལ་སོགས།། ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས།། ཆོས་རྣམས་མཉམ་པ་ཉིད་དུ་མ་རྟོགས་ཏེ།། ཡན་ལག་དམ་ཚིག་ཉམས་པ་མཐོལ་ལོ་བཤགས།། ལེ་ལོ་རྟོ་པ་ལས་གཉིད་ཀྱི་དབང་གྱུར་ཏེ།། བརྐྱེན
35a7 ས།




iiif viewer powered by OpenSeadragon

34b - 35b

Texts on this page

Gdg014.1 - dam tshig thams cad kyi nyams chag skong ba'i lung/ bshags pa thams cad kyi rgyud dri ma med pa'i rgyal po