e-texts navigator
Collection
Volume
Page
Wylie

33a1 སྒྲ་དབྱངས་ཡེ་ནས་སྐད་དུ་གནས་པ་ལ།། འགྲོ་བ་རིགས་དྲུག་སོ་སོའི་རང་སྐད་དང་།། གསུང་རབ་ཡན་ལག་བཅུ་གཉིས་ཡིན་མ་ཤེས།། གྲུབ་མཐའ་མ་འདྲེས་ཡོངས་རྫོགས་དང་དུ་བཤགས།། སེམས་ཀྱི་འོད་གསལ་སེ་ནས།
33a2 འདུ་འབྲལ་མེད།། མ་བསྒོམས་རང་ཆས་ཡིན་པར་མ་ཤེས་པས།། འཆི་དུས་རང་གསལ་འབྱུང་བར་མ་འཚལ་བ།། འདའ་ཁའི་གདམས་ངག་འོད་གསལ་དང་དུ་བཤགས།། ལུས་གནས་ཡི་གེ་ལོངས་སྒྱུར་གནས་པ་ལ།། ལམ་དུ་མ་ཤེས་བདེ་བ་མ་བསྒོམས
33a3 པས།། གཏུམ་མོའི་དྲོད་ཀྱི་འབྲས་བུ་མ་ཐོབ་པ།། འབྲས་བུ་ལོངས་སྤྱོད་རྫོགས་པའི་ངང་དུ་བཤགས།། གསང་བ་དབང་གི་གདམས་ངག་ཤེས་གྱུར་ཀྱང་།། རང་གི་བདེ་བ་ལམ་དུ་མ་ལོངས་ཏེ།། གཏུམ་མོའི་དྲོད་རྟགས་ལུས་ལ་མ་ཤར་བ།། གསང་དབང་དམ
33a4 ཚིག་ཉམས་པ་མཐོལ་ལོ་བཤགས།། ཞེས་ནང་གི་གསང་དབང་གི་བཤགས་པ་དེ་སྐད་གསུངས་སོ།། དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་བཤགས་པ་འདི་གསུངས་སོ།། ལུས་ཁམས་བདུད་རྩི་རང་ལ་གནས་པ་ལ།། ཡུམ་བདག་འདོད་པའི་བྱིན་རླབས་མཉམ
33a5 པ་དང་།། སྦྱོར་བ་དངོས་གཞི་རྗེས་ཀྱི་བསྡུས་རྒྱས་རྣམས།། མ་བསྒོམས་འཁོར་ལོ་ཐབས་ཀྱི་ལམ་དུ་བཤགས།། བདེ་བ་ཡེ་ནས་རང་ལ་གནས་པ་ལ།། གོ་རིམ་གནས་དང་སྤར་བྱ་ངོ་བོ་ཡི།། བདེ་བ་རྣམ་བཞི་ཉམས་སུ་མ་ལོན་པ།། བདེ་བཞིར་བལྟ་བ
33a6 ལྷན་སྐྱེས་རང་དུ་བཤགས།། བདེ་བ་རང་ལ་གནས་པར་མ་ཤེས་ཤིང་།། སྡུག་བསྔལ་རྐྱེན་གྱིས་བདེ་བ་མ་བསྒོམས་པས།། བདེ་སྟོང་རྒྱ་ཆུང་གྲུབ་མཐའ་མ་རྟོགས་པ།། ལྷན་ཅིག་སྐྱེས་པ་བདེ་བའི་རང་དུ་བཤགས།། བདག་ཉིད་རྡོ་རྗེ་སེམས་དཔར་མ་ཤེས
33a7 བྲིས།། དཅི་ཤིད་དང་སྤང་སྦྱར་མཇུག།། མཁོང་ས་བན་ས་བད་བ་མ་འབྱུངས་པ།། འདལ་དངས་མས་དང་ང་དུ་བཤགས།། ཡི་ནས་བདུད་རྩི་ཐེགས་ཅན་དྲནྀ།། ཆོས་སྲུ་མ་མེད་པར་གནས་པལས།། མ་ཞེས་མ་རྟོགས་དུ




iiif viewer powered by OpenSeadragon

32b - 33b

Texts on this page

Gdg014.1 - dam tshig thams cad kyi nyams chag skong ba'i lung/ bshags pa thams cad kyi rgyud dri ma med pa'i rgyal po