| | e-texts navigator
|
32b1 དེ་ནས་བཅོམ་ལྡན་འདས་ཀྱིས་མངས་སྤྱོད་ཆེན་པོའི་དམ་ཚིག་ལ་གནས་པ་རྣམས་ལ། ཐབས་ལམ་དབང་གིས་ཡོངས་སུ་རྫོགས་པའི་བཤགས་པ་འདི་གསུངས་སོ།། ཨོཾ་བདག་ལུས་གཞལ་ཡས་ཁང་དུ་གནས་པའི་ནང་།། སྤྱི་མགྲིན་སྙིང་ག་ལྟ་བ་གསང་།
32b2 གནས་སུ།། དྲུག་ལྔ་རྣམ་དག་རིགས་ལྷ་ཡབ་ཡུམ་སུ།། བསྐྱེད་རིམ་དབྱིངས་ཀྱི་ལམ་དུམ་ཤེས་བཤགས།། ལུས་སེམས་ཡེ་ནས་ཟུང་འཇུག་གནས་པ་ལ།། སྣང་ཕྱོགས་སྟོང་ཕྱོགས་ཟུང་འཇུག་མ་ཤེས་ཏེ།། མཉམ་བཞག་རྗེས་ཐོབ་ཉམས་ལན
32b3 ཤེས།། ངོ་བོ་ཉིད་གསུམ་བལྟ་བའི་ཀློང་དུ་བཤགས།། ཡེ་ནས་འཁོར་འདས་དབྱེར་མེད་ཡིན་པ་ལ།། སྣོད་བཅུད་གཞལ་ཡས་ཁང་དང་ལྷར་མ་ཤེས།། འབྱུང་བཞིའི་ཆོས་ལ་མངའ་དབང་མ་བརྙེས་པ།། གྲུབ་མཐའ་འཁོར་འདས་དབྱེར་མེད་དང་དུ་བཤགས།།
32b4 ཡེ་ནས་སྐྱེ་ཤི་མེད་པར་མ་ཤེས་པས།། མརྟོགས་འཆི་དུས་སྣང་བ་བསྒྱུར་བ་དང་།། འོད་ཀྱི་གོང་བུ་སྐྲ་ཡི་འབོམ་ཤེས།། འདྲལ་བ་འགྱི་གྲོ་དངང་དུ་བཤགས་པར་བགྱི།། ལུས་ཀྱི་རྩ་ཡི་གཙོ་བོ་ཕལ་པ་རྣམས།། ཡེ་ནས་སྤྲུལ་སྐུར་གནས་པ་མ་ཤེས་ཏི།།
32b5 ཙྪ་མྦུ་རང་གས་ལ་བསྒོམ་མ་ཤེས།། སྦྲུལ་ཞྭའི་རང་བཞིན་ལྷན་གླི་འབྲས་བུར་བཤགས།། ལུས་རྩ་བུམ་པའི་དབང་དུམ་ཤེས་པས།། མ་ཧཱ་ལོ་གའི་བབྱེད་དྲིམ་བསྒོམ་མ་རུས།། བུམ་དབང་དམ་ཆོག་རྣམས་པ་མཐོལ་ལོ་བཤགས།། ཚངས་པར་གྱུར་ན
32b6 བསྐྱེད་རིམ་དངོས་གྲུབ་སྩོལ།། ཞེས་ཕྱིའི་དབང་གི་བཤགས་པ་དེ་སྐད་གསུངས་སོ།། དེ་ནས་གསང་དབང་གི་བཤགས་པ་འདི་གསུངས་སོ།། ལུས་གནས་ཡི་གེ་ལོངས་སུར་གནས་པ་ལ།། འཁོར་ལོ་རྟེན་དང་མ་རྟེན་མན་ངག་གནད།། བདེ་བ་ཉམས་སུ་ལེན
32b7 པའི་ལམ་མ་བསྒོམས།། བདག་ལ་བྱིན་རླབས་ལམ་གྱི་དང་དུ་བཤགས།། ཉོན་མོངས་དང་ནི་རྣམ་རྟོག་སྣརེལ་ཞི་རྣམས།། གསལ་ཞིང་ཡངས་པའི་རང་བྱུང་ཡེ་ཤེས་གནས།། སྙིང་གར་རོ་རྒྱང་དབུ་མཟུང་འཇུག་བདེ།། བལྟ་བ.རང་བྱུང་ཡེ་ཤེས་ཀློང་དུ་བཤགས།
iiif viewer powered by OpenSeadragon
32a - 33a