| | e-texts navigator
|
31b1 རྙན་ཀློང་དྲུ་བཤགས་པར་བགྱི།། ཀུན་ཏུ་དབང་པོ་བཟང་ངན་མེད་པ་ལ།། བཟང་ངན་གཉིས་སུ་བལྟ་བ་ཟང་ཆད།། གཙང་དང་སྨེ་བར་འཛིན་པ་ཉོན་དམོངས།། བཟང་ངན་མེད་པའི་ཀློང་དུ་བཤགས་པར་བགྱི།། མཉམ་པ་ཉིད་ལ་ཆེ་ཆུང་མེད་པ་ལ།། སངས་རྒྱས་སེམས་ཅན་པཉཝ།
31b2 མོངས་གྲོལ།། ཆེ་ཆུང་གཉིས་སུ་འཛིན་པ་ཉོན་མོངས།། མཉམ་ཉིད་བདེ་ཆེན་ཀློང་དུ་བཤགས་པར་བགྱི།། བྱང་ཆུབ་སེམས་ལ་སྐྱེ་ཤི་མེད་པ་ལ།། འདི་དང་ཕྱེ་མང་བལྟ་བཐ~ཾང་ཆད།། སྐྱེ་ཤི་གཉིས་སུ་འཛིན་པ་ཉོན་རོ་མོངས།། འཆི་མེད་གཡུང་དྲུང་ཀློང་དུ་བཤགས་པ
31b3 བགྱི།། ཐིག་ལེ་ཆེན་པོ་གླ་ཟུར་མེད་པ་ལ།། གཟུགས་དང་རྫས་སུ་བལྟ་བ་ཟང་རེ་ཆད།། གླ་ཟུར་གཉིས་སུ་འཛིན་པ་ཉོན་རེ་མོངས།། ཀུན་ནས་ཟླུམ་པའི་ཐིག་ལེ་ཆེན་པོར་བཤགས།། དུས་གསུམ་འགྱུར་བ་མེད་པའི་ངང་ཉིད་ལ།། ཐོག་མ་ཐ་མར་བལྟ་བ་ཡོངས་རེ་གོལ།།
31b4 འཕོ་འགྱུར་གཉིས་སུ་འཛིན་པ་ཉོན་རེ་མོངས།། འགྱུར་བ་མེད་པའི་ཐིག་ལེ་ཆེན་པོར་བཤགས།། རང་བྱུང་ཡེ་ཤེས་བཙལ་དུ་མེད་པ་ལ།། རྒྱུ་འབྲས་གཉིས་སུ་བལྟ་བ་ཐང་རེ་ཆད།། རྩོལ་བསྒྲུབ་གཉིས་སུ་འཛིན་པ་ཉོན་རེ་མོངས།། རྩོལ་བ་མེད་པའི་རང་བྱུང་ཀློང་དུ་བཤགས།
31b5 རིག་པའི་ཡེ་ཤེས་རྟག་ཆད་མེད་པ་ལ།། རྟག་ཆད་གཉིས་སུ་འཛིན་པ་སྙིང་རེ་རྗེ།། ཡོད་དང་མེད་པར་བལྟ་བ་ཉོན་རེ་མོངས།། རྟག་ཆད་མེད་པའི་ཡེ་ཤེས་ཀློང་དུ་བཤགས།། ཆོས་དབྱིངས་རྣམ་དག་མཐའ་དབུས་མེད་པ་ལ།། ཕྱོགས་རིས་མཐའ་དབུས་སྤྲོ་བསྡུ་ཐང་དེ
31b6 ཆད།། མཐའ་དབུས་གཉིས་སུ་འཛིན་པ་ཉོན་རེ་མོངས།། ཆོས་དབྱིངས་རྣམ་དག་མཐའ་དབུས་མེད་པར་བཤགས།། གཞལ་ཡས་ཁང་ལ་ཕྱི་ནང་མེད་པ་ལ།། ཕྱི་དང་ནང་དུ་བལྟ་བ་ཐང་རེ་ཆད།། ཡངས་དོག་གཉིས་སུ་འཛིན་པ་ཉོན་རེ་མོངས།། ཡངས་དོག་ཕྱི་ནང་མེད
31b7 པའི་གློང་དུ་བཤགས།། ཡུམ་གྱི་མཁའ་དབྱིངས་མཐོ་དམའ་མེད་པ་ལ།། སྟེང་འོག་གཉིས་སུ་བལྟ་བ་སྙིང་དེ་རྗེ།། མཐོ་དམའ་གཉིས་སུ་འཛིན་པ་ཉོན་རོ་མོངས།། བྷ་ག་ཡང་ས་དོག་མེད་པའི་ཀློང་དུ་བཤགས།། ཆོས་ཀྱི་སྐུལ་དབྱེ་བ་མེད་པ་ལ།། ཡུལ
iiif viewer powered by OpenSeadragon
31a - 32a