| | e-texts navigator
|
31a1 དེ་ནས་ལུང་སྦྱར་བཤགས་པ་འདི་གསུངས་སོ།། རྩ་སྲོག་ཙཏྟ་ལུས་དག་ཡིད་གསུམ་པོ།། ཀླུ་རྒྱ་གསང་ཆེན་སྐུ་གསུང་ཐུགས་ཀྱི་མཛད།། རྡོ་རྗེ་ཀློང་དགྲ་དཔལ་ཆེན་ཏུ་ནཱཀ། ཁམས་གསུམས་དགྲ་གཉིས་སུ་མེད་པར་བཤགས།། ཛ
31a2 བཱལྦ་ཡི་ཀྱིལ་འཁོང་བུ།། སྤྲིང་པོ་བརྗོད་པས་སྨྲམ་ཚག་རྫོགས་པའི་ཛལ།། དབྱེར་མེད་མཉམ་ཉིད་ངེ་བ་ཉིད་ཀྱི་སྨྲ།། ཐབས་ལ་མཁས་པས་གཉིས་སུ་མེད་པར་བཤགས།། བྱི་ནང་སྤྱོད་བཅུད་གཉིས་མེད་ཆོས་ཀྱི་ཕྲ།། ང་དང་བདག་གོངས་ཉིད་མཉམ་པས།
31a3 རིས་ངན་སོང་རྒྱུ་འབྲས་རྣམ་གཉིས་པོ།། གཉིས་མེད་བདེ་ཆེན་ཀློང་དུ་མཐར་ཕྱིན་ཤོག། ཅེས་ལུང་རྗེས་སུ་རྣལ་འབྱོར་ལྟར་བཤགས་སོ།། དེ་ནས་མན་ངག་ལྟར་བཤགས་པ་འདི་གསུངས་སོ།། ཇི་ལྟར་སྣང་བ་ཀུན་བཟང་བདེ་ཆེན་གནས།། ཡོད་མེད་རྟག་ཆད་མཚན་མོའི
31a4 ཚིག་ལས་འདས།། འདི་ལྟར་མ་རྟོགས་བདག་ཉིད་གང་ཡིན་པ།། དེ་ཉིད་མ་སྤངས་རྟོགས་པའི་ཀློང་དུ་བཤགས།། དུས་གསུམ་འཕོ་འགྱུར་བ་ཚིག་བཏགས་པ་མེད།། རྩོལ་མེད་བསྒྲུབ་མེད་ནམ་མཁའི་དང་དུ་གནས།། ཡང་ལ་ཁྱབ་པས་ཀུན་གྱིས་འདོད་དགུར་སྦྱར།།
31a5 ཕྱིན་ཅི་ལོག་རྟོག་བྱང་ཆུབ་ལམ་དུ་བཤགས།། རྟོགས་པའི་མན་ངག་དོན་དུ་མི་ལྡན་ན།། ཚིག་གིས་མཚོན་པས་བྱང་ཆུབ་མེ་འཐོབ་སྟེ།། རང་སེམས་ཡེ་ནས་སངས་རྒྱས་ཡིན་ཤེས་པས།། རང་བྱུང་ཡེ་ཤེས་ཀློང་དུ་མཐར་བྱིན་ཤོག། དེ་ལྟར་བཤགས་ན་སྒྲུབ་པ་ཐམས་ཅད
31a6 དང་།། ཉོན་མོངས་ལས་ངན་མ་སྤངས་རང་དག་ནས།། འབྲས་བུ་ཡང་དག་སངས་རྒྱས་འཐོབ་བོ་ཞེས།། མན་ང་ག་རྫོགས་པའི་རྣལ་འབྱོར་ལྟར་བཤགས་སོ།། དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས། རྒྱུད་ལུང་མན་དག་གི་བཤགས་པ་སྐྱེ་ལེནུ་བཅུ་གཉིས་པའོ།།
31a7 དེ་ནས་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པའི་རང་ནས་བལྟ་བའི་ཀློང་བཤགས་འདི་གསུངས་པོ།། ཆོས་ཀྱི་དབྱིངས་ཉིད་སྤྲོས་པ་མེད་པ་ལ།། གཟུང་འཛིན་གཉིས་སུ་བལྟས་ཡོངས་དོགྲོལ།། དངོས་པོ་མཚན་མར་འཛིན་པ་ཉོན་མོངས།། སྤྲོས་མེད།
iiif viewer powered by OpenSeadragon
30b - 31b