| | e-texts navigator
|
30b1 རྣམ་སྨིན་མ་བཟོད་ན།། ཐུགས་རྗེ་ཆེན་པོས་ཕྲིན་ལས་མི་མཛད་དམ།། ཕྱིན་ཅི་ལོག་གི་གཡང་སར་ལྷུར་ལགས་ན།། ཐུགས་རྗེ་མྱུར་མགྱོགས་ཕྱག་གིས་མི་འཛིན་ནམ།། དུག་གསུམ་བཟོད་དཀའི་ནད་ཀྱིས་གདུངས་ལགས་ན།། ཐབས་མཁས་ཐུགས་རྗེའི་སྤྲིན་གྱིས་མི
30b2 གསོའམ།། ལས་ཀྱི་རྣམ་སྨིན་སྡུག་བསྔལ་མེར་འབར་ན།། ཐུགས་རྗེ་བསིལ་བའི་ཆུ་རྒྱུན་མི་འབེབས་སམ།། སྡུག་བསྔལ་འཁོར་བའི་འདམ་དུ་བྱིང་གྱུར་ན།། ཐབས་མཁས་ཐུགས་རྗེའི་ལྕགས་ཀྱུས་མི་འདྲེན་ནམ།། ཁམས་གསུམ་འཁོར་བའི་གནས་སུ་སྦྱངས
30b3 སྦྱངས་ནས།། ནམ་ཞིག་རང་གིས་འབྲས་བུ་ཐོབ་པའི་ཚེ།། འཕགས་པའི་ཐུགས་རྗེས་ཅི་འཚལ་དོན་མ་མཆིས།། བདག་ཉིད་ལས་འཕྲོའི་དབང་བཙན་བཞག་ན་ལྟ།། ཐུགས་རྗེ་ཆེ་ཞེས་སུ་ལ་ཅི་ཞིག་བགྱི།། དཔའ་པོ་ཁྱོད་ལ་ཐུགས་རྗེའི་སྟོབས་མངའ་ཞིང་།། སྔོན་རྒྱ
30b4 འབྲེལ་བའི་ལས་ཀྱི་འཕྲོ་བཙོན་ན།། ཡལ་ཡོལ་བཏང་སྙོམས་ལེ་ལོ་མ་མཛད་པར།། སྙིང་ནས་ད་གཟིགས་ཐུགས་རྗེ་རྒྱལ་བའི་ལྷ།། ཞེས་དྲེགས་པ་ཅན་རྣམས་ཀྱིས་བཤགས་སོ།། དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས། རཱུ་ཏྲའི་སྨྲེ་བཤགས་སྟེ་ལེའུ་བཅུ་གཅིག་པའོ།། །
30b5 དེ་ནས་བཅོམ་ལྡན་འདས་ལོངས་སྤྱོད་ཀྱི་བདག་པོ་ཆེན་པོ་རྣམས་ཀྱིས། རྒྱུད་ལུང་མན་ངག་གི་བཤགས་པ་འདི་གསུངས་སོ།། ཆོས་ཉིད་དུས་གསུམ་སྤྲོས་པ་མེད་པ་ལ།། འཛིན་རྟོག་མེད་པའི་རང་རིག་ཡེ་ཤེས་ཀྱིས།། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ལས།། ཡུལ་དང
30b6 དབང་པོ་གཉིས་སུ་མེད་པར་བཤགས།། ཡུམ་གྱི་བྷ་ག་དགྱེས་པའི་ཕོ་བྲང་དུ།། ཡབ་ཀྱི་རྡོ་རྗེ་གཉིས་མེད་བྱང་ཆུབ་སེམས།། ཐབས་དང་ཤེས་རབ་འདུ་འབྲལ་མེད་པ་ལ།། ཕྱི་ནང་སྣོད་བཅུད་གཉིས་སུ་མེད་པར་བཤགས།། ཏིང་འཛིན་རྣམ་གསུམ་བློ་ཡི་བདང་བཅད
30b7 ནས།། ཕུང་པོ་རྣམ་ཤེས་ཡུལ་དང་དབང་པོ་རྣམས།། ལྷ་དང་ལྷ་མོའི་དཀྱིལ་འཁོར་གསལ་བསྒོམས་ནས།། འགྲོ་དྲུག་སེམས་ཅན་རྒྱལ་བའི་དཀྱིལ་འཁོར་དུ།། གཉིས་སུ་མེད་པར་ལྷུན་གྱིས་གྲུབ་པར་མཛོད།། ཅེས་ཀྱད་རྣལ་འབྱོར་ཆེན་པོ་ལྟར་བཤགས་སོ།།
iiif viewer powered by OpenSeadragon
30a - 31a