| | e-texts navigator
|
30a1 དབང་དས་པས་མ་པ་ད་སྨྲས།། ཀུན་ག་ཅི་སྨྲིག་པ་འབ་འདུགས་ནས།། དུག་སུ་སྔགས་འདི་འདུན་ཅིག། ཉཝ་ཊག་པ་པ་ས་འབ་ལགས།། སས་གན་སུས་ས་སུ་འདམ་དག་།
30a2 ནམ་ནིག་འདྲི་པོ་ལུས་སེམས་འབྲལ་བའི་ཚེ།། དགེ་པ་ཤེས་ཐོགས་དེ་ཐལ་ཏེ་གཤིན་རྗེས་ཁྲིང།། དེ་ཚེ་འཇིག་རྟེན་ཉིངས་མི་སྟོངས་ཏེ།། ལས་ཀྱི་བང་དགིས་བདག་ཉེད་གཅིག་ཟུང་འཛུམས།། དུས་དེང་བདག་ལ་མགོནི་སྒྲིབས་མ་མཛེས་ནཱ།། གླེང་གི
30a3 བཤོས་དུ་ལས་མ་བཞེས་པར།། ད་ལྟ་ཉིད་དུ་བརྟན་ཏེ་མངོན་སྤྱོད་མཛོད།། ལས་ཀྱིས་མནར་བའི་བྱ་བ་བདག་འདྲབ།། ཐོག་མ་མེད་པའི་དུས་ནས་ལོག་བརྟགས་པས།། ཁམས་གསུམ་འཁོར་བའི་གན་ས་ལས་མཐར་ཏེ།། བསྐལ་པ་གྲངས་མེད་སྐྱེ་བའི་སྙེད་དུ།། དོ
30a4 བཅས་ལུས་བླངས་གྲངས་མེད་ཞིག་གྱུར་ཏེ།། ཤ་རྔུས་བས་གསན་འཇིག་རྟེན་གཏོས་དང་མཉམ།། རྡུག་ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་ཙམ།། ལས་འཕྲོ་བསགས་ན་བསམ་འདས་བརྗོད་མི་ལང་།། ཁམོས་གསུམ་བགྲངས་ཤིང་གྱི་ཤིའི་ཁ་བརྒྱུད་ཀྱང་།། བྱས་པའི་ལས
30a5 རྣམས་དོན་མེད་ཆུད་དོ་ཟོས།། སྐྱེ་བགྲངས་མེད་ཇི་སྙེད་དེ་ཙམ་གྱི།། སྐྱེ་བ་གཅིག་གཅིག་ཁོན་ཙམ་གྱི་ལུས།། ཟླ་མེད་བྱང་ཆུབ་དུན་དུ་རབ་སྤྱད་ན།། དེ་ཙམ་བྱས་པའི་ལས་ལ་དོན་རབ་ཡོད།། དོན་གྱིས་ཡང་ཡེ་མྱ་ངན་འདས་ཟིན་ན།། ལས་ཀྱི་དབང་བཙོན་ཉོན་མོངས
30a6 སྟོངས་ཆེབས།། ཤ་ཁྲག་འདུས་པའི་ལུས་བླངས་འཁོར་བར་འཁྱམས།། སྡུག་བསྔལ་བཟོད་དཀའ་སྲིད་པའི་བཙོན་རང་རྒྱུད།། མི་བཟེད་དྲུག་པའི་སྡུག་བསྔལ་འདི་ལྟ་བ།། ཉེས་བྱས་ཐམས་ཅད་རང་གི་ལས་ལས་བྱུང་།། ཐིག་པའི་ལས་རྣམས་བྱམས་མགོན་དྷཱ
30a7 ལ་བཤགས།། ཐུགས་རྗེ་ཆེན་པོས་ལས་ངན་རྒྱུན་བཅད་དེ།། ཉོན་མོངས་ལས་ཀྱི་རླུང་འདི་བཟློག་ཏུ་གསོལ།། མ་རིག་ལོག་པའི་ལས་ཀྱི་དབང་བཙན་པས།། མི་ཤེས་མུན་པའི་ནང་དུ་གཏན་འཐམས་ན།། ཡེ་ཤེས་སྒྲོན་མེའི་ཟེར་གྱིས་མི་སྟོངས་སམ།། ཉེས་བྱས་ལས་ཀྱི
iiif viewer powered by OpenSeadragon
29b - 30b