e-texts navigator
Collection
Volume
Page
Wylie

27b1 སྐུ་བདྲུག་སུ་མཆོག་རིན་ཟླན།། བཅད་ཀྱི་སེམས་ཅན་ཁམས་གསུམ་དབང་དུ་སྤྱད་།། སྣོད་ཀྱི་འཇིག་རྟེན་དོན་དམ་དབྱིངས་ས་སྦྱོར།། བདག་སྲས་ལྷ་མར་མ་རྟོགས་སུ་བཟླས་ཤིང་།། བདག་ཅག་ཉམས་ཆུག་སེམས་ལ་འགྱོད་པ་སྨོས།། སྦྲུལ་སུ་ཐུབ་པ་དྲུག་པ
27b2 བཟོད་པར་གསོལ།། སྒོ་བསྒོ་མཐུགས་མཆོག་རིན་པོ་ཆེ།། ཁམས་གསུམ་དབང་དུ་སྡུད་པ་ཡབ་ལགས་ཤིང་།། དོན་དམ་དབྱིངས་སུ་སྡུད་པ་ཡུམ་ལགས་ཀྱི།། བདག་ལུས་སྒྱུ་མར་མ་རྟོགས་སུ་བསླུས་ཤིང་།། བདག་ཅག་ཉམས་ཆག་སེམས་ལ་འབྱོད་བ
27b3 སྒོ་བསྒོམ་རྣམས་ལ་བཟོད་པར་གསོལ།། ཞེས་གསུངས་སོ།། ཇི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས། ཆོས་ཉིད་ཞི་བའི་བཤགས་པ་སྟེ་ལེའུ་དགུ་པའོ།། ། དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དམཆོག་ལ་གནས་པའི་རྡུལ་འཐོར་གྱི་དབང
27b4 བྷག་ཆེན་པ་རྣམས་ཀྱིས། ཁྱོ་བོའི་དཀྱིལ་མཁོར་ལ་བཤགས་པ་འདི་འགྲོ་བའི་དོན་དྲུགསུངས་སོ།། མཽ་དང་པོ་རང་བཞིན་མཉམ་པ་ད་ཀྱིལ་འཁོར་ང་།། གཱཟུང་འཛིན་གཉིས་ཀྱི་བདག་དང་མཐལ་བས།། གཉིས་སུ་མེད་པའི་གནས་ལྤགས་དོན་མ་རྟོགས།
27b5 གཉིས་མེད་ཆོས་ཀྱི་སྐུ་ལ་བཟོད་པར་གསོལ།། དོན་དམ་མི་འགག་གསལ་བའི་གོ་འབྱེད་པའི།། ཟླ་གསལ་དྲང་བའི་དབྱིངས་སུ་སྨྲ་བཞེངས་ལ།། བྱང་ཆུབ་ཐིག་ལེའི་འོད་ཀྱིས་ཁྱབ་མཛད་པ།། ཀུན་སྣང་དྲང་བའི་སྐུ་ལ་བཟོད་པར་གསོལ།། དོན་དམ་གྱེ་བ་མེད
27b6 པའི་མཁའ་དབྱིངས་ལས།། འབྲས་བུ་ཡོན་ཏན་འབྱུང་བའི་སྐུར་སྡང་བ།། དབང་ཆེན་རིམ་གྱིས་བསྐྱེད་པའི་བཞུགས་གནས་རྟེན།། དབང་ཆེན་གཞལ་ཡས་གསལ་བར་མ་གྱུར་པ།། ཕོ་བྲང་འབར་བའི་ཀློང་དུ་བཟོད་པར་གསོལ།། བདེ་ཆེན་ཉིད་ལས་ཕྱག
27b7 རྒྱའི་སྐུར་སྣང་ཞིང་།། ཡེ་ཤེས་དྲུག་གི་ཕྱག་མཚན་རང་རང་བསྡམས།། ཇི་ལྟར་གསལ་བའི་ངང་དུ་མ་གྱུར་པ།། འཇིགས་བྱེད་ཧེ་རུ་ཀ་ལ་བཟོད་པར་གསོལ།། གཉིས་མེད་སྐུ་ལ་འཁྲིལ་བའི་གཟུངས་མཆོག་མ།། པདྨའི་དོན་ལ་ཆགས་པའི་མཁའ་དབྱིངས་སུ།། 6




iiif viewer powered by OpenSeadragon

27a - 28a

Texts on this page

Gdg014.1 - dam tshig thams cad kyi nyams chag skong ba'i lung/ bshags pa thams cad kyi rgyud dri ma med pa'i rgyal po