| | e-texts navigator
|
25b1 རྣ་བ་ཐོ་ཆགས།། ཁབས་གསུམ་འཁོར་བའི་སྡུག་བསྔལ་ཅིང་ཟབ།། ཐམས་མགོན་བྱེད་ཀྱིས་ཐུགས་པ་ག་དགས་ལ།། དབུ་པ་ཚོགས་མེ་སྔར་འབར་བཞི་བ་མཛོད།། ཐུགས་འི་གདུང་མ་བ་དག་འཛིན་པ་དག་གས་ནོ།། དང་པར་བྱང་སྲབ་རྒྱ་ཚོགས་།
25b2 བསྐྱེད་ནས།། འདའ་དཀའ་རྡོ་རྗེའི་དམ་ཚིག་མཆོག་གསུམ་པོ།། རྒྱལ་བའི་བཀའ་ལས་འདའ་བར་མེ་བགྱིད་ལ།། གསང་སྔགས་འཆོལ་བར་གྱུར་གྱིས་གསལ་ཀ་མོད།། ཉམས་དང་ཚོགས་འདྲེས་གྱུར་པ་བསྐང་སོ་འཚལ།། བྷྲཱུཾ་སེམས་ཉུལ་བས་སྐྱོན་ཅན་མ
25b3 རྟོགས་ཏེ།། རང་གནོད་འགྱོད་པའི་སེམས་ཀྱིས་མཐོལ་བཤགས་ན།། གྲོགས་ངན་ཉམས་གྲིབ་སྐྱོན་གྱིས་མ་གོས་ཤིང་།། ཉམས་པ་རྣམས་ལ་ཆད་པ་སྒོར་བཅད་དེ།། འདི་ཕྱིའི་རྐྱེན་དང་སྒྲིབ་པར་མི་འགྱུར་བར།། ཕྲ་མེན་སྦྲུལ་ཚོགས་དབྱེ་བསལ་མཛད་དུ་གསོལ།།
25b4 ཞེས་གསུངས་སོ།། དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས། ཡེ་ཤེས་མཁའ་འགྲོའི་བཤགས་པའི་ལེན་སྟེ་བརྒྱད་པའོ།། དེ་ནས་ལོངས་སྤྱོད་ཆེན་པའི་དམ་ཚིག་ལ་གནས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཟིན་པ་རྣམས་ཀྱིས་ཆོས་ཉིད་ཞི་བའི
25b5 བཤགས་པ་འདི་གསུངས་སོ།། ཀུན་བཟང་ཡབ་ཡུམ་གསན་ཅིང་དགོངས་སུ་གསོལ།། ཡིད་དང་ཆོས་ནི་ཡེ་ནས་མངོན་སངས་རྒྱས།། ཀུན་བཟང་ཡབ་ཡུམ་དགོངས་སྤྱོད་དེ་འདྲ་ཡང་།། དེ་ལྟར་བདག་གིས་མ་རིག་མ་རྟོགས་ཏེ།། ཀུན་བཟང་ཡབ་ཡུམ
25b6 ཐུགས་དང་ཅི་འགལ་བ།། ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ།། རྒྱལ་བ་རིགས་ལྔ་གསན་ཅིང་དགོངས་སུ་གསོལ།། ཕུང་པོ་ལྔ་ནི་ཡེ་ནས་མངོན་སངས་རྒྱས།། རྒྱལ་བ་རིགས་ལྔའི་དགོངས་སྤྱོད་དེ་འདྲ་ཡང་།། དེ་ལྟར་བདག་གིས་མ་རིག་མ་རྟོགས
25b7 ཏེ།། རྒྱལ་བ་རིགས་ལྔའི་ཐུགས་དང་ཅི་འགལ་བ།། ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ།། རིགས་ཀྱི་ཡུམ་རྣམས་གསན་ཅིང་དགོངས་སུ་གསོལ།། འབྱུང་བ་ལྔ་ནི་ཡེ་ནས་མངོན་སངས་རྒྱས།། རིགས་ཀྱི་ཡུམ་ལྔའི་དགོངས་སྤྱོད་དེ་འདྲ་ཡང་།།
iiif viewer powered by OpenSeadragon
25a - 26a