| | e-texts navigator
|
24b1 ཀྱིས་མི་གསོལ་ཏེ།། འགྲོ་དོན་བྱང་ཆུབ་སེམས་ཀྱིས་སྨྲེ་ལགས་ན།། ཐུགས་དང་འགལ་བར་གྱུར་པ་བཟོད་པར་གསོལ།། འཕགས་པའི་བཀའ་ཆད་བདག་ལ་མི་གཏོང་ཞིང་།། ཐུགས་རྗེ་རྒྱན་པས་ཚངས་པསྔལ་དུ་གསོལ།། དྲི་མེད་རྒྱལ་པོ་བཤགས་ད་།
24b2 རྒྱུད་ལས། རྡོ་རྗེ་དཔལ་ཆེན་གྱི་བཤགས་པ་སྟེ། ལེའུ་བདུན་པའོ།། ། དེ་ནས་བདེ་བར་གཤེགས་པ་ཐམས་ཅད་ཀྱིས། ཡེ་ཤེས་མཁའ་འགྲོ་ལ་སོགས་པ་མཁའ་འགྲོ་མའི་ཆོག་ཀྱི་བཞགས་པ་འདི་གསུངས་སོ།། ཨོཾ་ཡེ་ཤེས་མཁའ་འགྲོ་དབང་ཕྱུག
24b3 ཁྲོ་རྒྱལ་གཙོ།། བདེ་ཆེན་གཉིས་མེད་ཡུམ་གྱི་དབྱིངས་སུ་མྱོར།། བདག་ཏུ་བལྟ་བའི་ང་རྒྱལ་འཇོམས་མཛད་པའི།། དབང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ།། ཏ་ནའི་གནས་མཆོག་སྒྲོལ་བ་གནས་མ་སྟོབས།། ག་ཎའི་གནས་མཆོག་སྦྱོར་བ་བྱིན་མ
24b4 བརླབས།། དཔལ་ཆེན་ལོ་རྒྱལ་ཐུགས་དང་ཅེ་འགལ་བ།། ཐུགས་རྗེ་ཚེ་མངའ་ཁྱེ་ལ་བཟོད་པར་གསོལ།། རྨད་དུ་བྱུང་བའི་མཆོད་པ་ཏན་གཎ་ནི།། ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འགྲོ།། འདོད་པ་ལྔ་ཡི་ཡོན་ཏན་བས་མ་ཡས་ཀྱིས།། ཡེ་ཤེས།
24b5 མཁའ་འགྲོའི་ཐུགས་དམ་བསྐང་གྱུར་ཅིག། དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་ཐུགས་རྗེ་ཡིས།། རྩེ་གཅིག་སྒྲུབ་པ་པོ་ཡི་གྲོགས་མཛོད་ལ།། བར་གཅོད་བྱེད་པའི་དགྲ་བགེགས་རྡུལ་དུ་ཟློག། གྲུབ་པའི་འབྲས་བུ་དུས་འདིར་སྩལ་དུ་གསོལ།། ཧཱུཾ་རྡོ་རྗེ་མཁའ
24b6 འགྲོ་དབང་ཕྱུག་གོ་རྗེ་བརྒྱད།། ས~ཾ་ཛྷ་ལ་སོགས་ཡུལ་གྱི་ཕྲ་མེན་བརྒྱད།། ཏི་ག་དོང་ལ་སོགས་འབར་མཁྲོ་མོ་བཞི།། དཔེང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ།། ཨོཾ་བསྒོམ་བ་སྲུབ་དུས་ལས་གཡེལ་བར་གྱུར་པ་ཡིས།། སྒྲུབ་པའི་རྫས་མ་ཆོག་བདུད་རྩི
24b7 ཨ་མྲྀ་ཏ།། དུས་དྲུག་མཆོད་པའི་ཚུལ་དུ་མ་སྦྱར་བ།། བཟོད་པར་གསོལ་ལ་ཚངས་པ་སྩལ་དུ་གསོལ།། བྱང་ཆུབ་སེམས་དང་མཱཾ་ས་རཀྟ་དང་།། དྲི་ཆེན་དྲི་རྒྱག་ཀུད་ཧ་ན།། གཉིས་མེད་སྦར་བའི་སྨན་མཆོག་ཨ་མྲྀ་ཏས།། རྡོ་རྗེ་མཁའ་འགྲོའི་ཐུགས
iiif viewer powered by OpenSeadragon
24a - 25a