e-texts navigator
Collection
Volume
Page
Wylie

20b1 རྣམས།། རང་གནོད་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས།། བྱམས་པའི་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང་།། གཉིས་མེད་དབྱིངས་ལས་མི་འགྱུར་བདག་བཀོད་དེ།། མི་དམིགས་བཏང་སྙོམས་དང་དུ་བཞུགས་ནས་ཀྱང་།། གཉིས་མེད་དོན་གྱི
20b2 ཚངས་པ་སྩལ་དུ་གསོལ།། དོན་དམ་གཉིས་མེད་སྤྲོས་དང་བྲལ་བ་ལ།། རྣམ་རྟོག་གང་ཡང་དམིགས་པར་མི་འགྱུར་ཏེ།། ཀུན་རྫོབ་སྒྱུ་མ་ཙམ་གྱིས་དབང་གིས་ན།། ནོངས་པ་མཆིས་རྣམས་རབ་གནོད་བཟོད་པར་གསོལ།། ཞེས་གསུངས་སོ།། དྲི་མེད་རྒྱལ་པོ
20b3 བཤགས་པའི་རྒྱུད་ལས།། ཡེ་ཤེས་ལྷ་དང་འཁོན་གཅུགས་བཤགས་པ་སྟེ་ལེའུ་བཞི་པའོ།། །། དེ་ནས་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེའི་དམ་ཚིག་ལ་གནས་པའི་རིག་འཛིན་ཡབ་ཀྱི་ཚོགས་རྣམས་ཀྱིས་བཤགས་པའི་རྒྱལ་པོ་ཉི་ཤུ་རྩ་བརྒྱད་པ་འདི་གསུངས་སོ།།
20b4 སྟོན་པ་རྡོ་རྗེ་སེམས་དཔས་གསུངས་པ་ཡི།། ལུང་དང་ཏན་ཏྲ་མང་པོ་མདོར་བསྡུས་ཤིང་།། གསང་སྔགས་མ་ཧཱ་ཡོ་གའི་སྒོར་ཞུགས་པའི།། མི་འདའ་རྡོ་རྗེ་དམ་ཚིག་གཏན་གྱི་གཉེར།། དམ་ལ་གནས་ཤིང་ཚུལ་བཞིན་བསུང་ངོ་ཞེས།། བཀའ་གསང་རྒྱུད་ལས་དེས
20b5 འབྱུང་བཞིན་དུ།། མཱ་རིག་ལེ་ལོ་སྐྱིད་སྙོམ་རྐྱེན་དབང་གིས།། བཀའ་ལས་འདས་ཤིང་དམ་ལས་གཡེལ་གྱུར་པ།། རང་གནོད་འགྱོད་པའི་སེམས་ཀྱིས་མཐོལ་བཤགས་ན།། མི་དམིགས་བཏང་སྙོམས་ངང་དུ་བཟོད་པར་བཞེས།། རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག
20b6 ལས།། སྲི་ཞུ་དད་པའི་རྩལ་ཤུགས་ཆུང་བ་ཡིས།། རྡོ་རྗེ་སློབ་དཔོན་ཐུགས་དང་འགལ་བ་དང་།། བརྩེ་གདུང་ཁྲེལ་འཛེམ་ཆུང་བའི་རང་ཤུགས་ཀྱིས།། མཆེད་དང་ལྕམ་དྲལ་ཐུགས་དང་འགལ་བ་དང་།། སྔགས་དང་ཕྱག་རྒྱ་ལེ་ལོས་རྒྱན་བཅད་དེ།། གསུང་གི་དམ་ལས
20b7 འདས་པར་གྱུར་པ་དང་།། སྤྱི་གསང་བཞི་དང་བར་གསང་བརྒྱད་ལ་སོགས།། གསང་བར་འོས་དང་གསང་བར་གཉར་གཏད་པ།། གསང་སྒོ་ཡལ་བར་བཏང་བ་ལ་སོགས་ཏེ།། རྩ་བའི་དམ་ལས་འགལ་བ་ཅི་མཆིས་པ།། རང་གི་ནོད་འགྱོད་པའི་སེམས་ཀྱིས་མཐོལ




iiif viewer powered by OpenSeadragon

20a - 21a

Texts on this page

Gdg014.1 - dam tshig thams cad kyi nyams chag skong ba'i lung/ bshags pa thams cad kyi rgyud dri ma med pa'i rgyal po