e-texts navigator
Collection
Volume
Page
Wylie

20a1 དྲུང་ལྷ།། འདུ་འབྲལ་མེད་པ་གསང་བའི་དཀྱིལ་འཁོར་འདིར།། བདག་ཉིད་ཆེན་པོ་རགས་ལྔ་ཡབ་ཡུམ་དང་།། བྱང་ཆུབ་ལྷམ་དྲལ་ཁྲོ་ག་ཁྲོ་མོའི་ཚོགས།། རྡོ་རྗེ་ལྷ་མོ་ཚོགས་རྗེ་ཚོགས་ཀྱི་བདག། རིགས་ལྔ་དཔལ་ཆེན་པོ་རྒྱལ་ཡབ་ཡུམ
20a2 གནས་དང་ཡུལ་གྱི་ཕྱག་རྒྱ་སྒོམ་བཞི།། ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་མང་པོ་རྣམས།། མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་ལ་སོགས།། ལེགས་ཉེས་བསྟང་འཛིན་དམ་ཚིག་རྗེས་གཅོད་པའི།། ཕྱི་ནང་མཁའ་འགྲོ་རྣལ་འབྱོར་མ་ཡི་ཚོགས།། དབང་གྱུར་རྡོ་རྗེ་དམ་ཅན
20a3 དགོངས་སུ་གསོལ།། ཐུགས་རྗེའི་གདུང་འཚོ་བ་རྣལ་འབྱོར་བདག་ཅག་གིས།། འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དེ།། བླ་མེད་གོ་འཕང་བགྲོད་པར་བྱ་བའི་ཕྱིར།། བསྟན་པ་རྒྱ་མཚོ་སོ་སོའི་འདུལ་ཁྲིམས་དང་།། སྐུ་གསུང་ཐུགས་དང་མཉམ་སྦྱོར་སྡོམ་པའི་མཆོག
20a4 རྡོ་རྗེ་འདའ་དཀའ་དམ་ཚིག་གཏན་གྱི་གཉེར།། སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས།། སྡེ་ཕྱིར་མནོས་ཤིང་གཉེར་དུ་སྨྲས་སོ་འཚལ།། ཡུན་དུ་མི་གཏོང་འདའ་བར་མི་བགྱིད་ལ།། དོན་ལས་གོལ་ཞིང་བཟློག་སེམས་མ་མཆིས་ཀྱང་།། གདོད་བྱ་ལོང་ཡོད་སྙམ
20a5 པའི་གྲེ་ལོ་ཡིས།། ཀློང་དུམ་བྷར་རྩལ་ཐུགས་ཆུང་བ་དང་། ཤེས་བཞིན་མི་ལྡན་པག་མེད་དའ་གྱུར་ཏེ།། བསྒོམ་ལ་མེ་བརྩོན་པ་སྙེད་སྒྲུ་གཡོལ་ལ་སོགས།། ཚོང་དང་མཚོང་མ་ག་དབང་གིས་ནི།། སྟོན་པའི་དཀ། འདུད་དམ་ལས་འགལ་གྱུར་ཏེ།། རྣལ་འཚུར
20a6 གང་ཞིག་དམ་ཚིག་ཉམས་པ་དང་།། སྐད་ཅིག་ཙམ་ཡང་ཕྲད་པར་མི་བྱ་ཞེས།། བཀའ་ལས་བྱུང་ཡང་དེ་ལྟར་མ་གྱོགས་ཏེ།། གསང་སྒོ་འཆོལ་བས་དབྱེ་བས་ལ་དཀའ་བ་ལ།། མངོན་ཤེས་ཆུང་པས་སྐྱོན་ཅན་མ་རྟོགས་ཏེ།། ཉམས་དང་ཚོགས་འདྲེས་ཉམས
20a7 པ་བསྐང་བ་དང་།། ཉམས་དང་སྣོད་མིན་རྣམས་ལ་ཆོས་བཤད་དང་།། ཉམས་ལ་མི་འཛེམ་ཉམས་པའི་སྐྱོན་ལ་སོགས།། ཉམས་དང་འགྲོགས་ཤིང་ཉམས་པ་དེ་དག་གི།། ཉམས་གྲིབ་སྐྱོན་གྱིས་གོས་པར་གྱུར་ཏོ་འཚལ།། ཚེ་འདིའི་རྐྱེན་དང་ཡུན་གྱི་སྒྲིབ་པ




iiif viewer powered by OpenSeadragon

19b - 20b

Texts on this page

Gdg014.1 - dam tshig thams cad kyi nyams chag skong ba'i lung/ bshags pa thams cad kyi rgyud dri ma med pa'i rgyal po