e-texts navigator
Collection
Volume
Page
Wylie

207b1 ལྗགས་ཀྱི་དོན་བསྟན་པའོ།། ཨོཾ་བཛྲ་སྟོབས་ལྡན་ནག་པོའི་སྟོང་པའོ།། སརྦྦ་དྲེགས་པ་ཅན་སྔགས་བདག་བཅོ་བརྒྱད་།། དུཥྚ་གཟིར་ཅིང་གནོན་པ། ཧཱུཾ་འབྱུང་བ་ལྔའི་བདག་མ། ཡབ་ཡུམ་གྱིས་དྲེགས་པ་ཅན་པར་དུ་བཅུག་ལ་གཟེར་བའོ།། ཕཊ་ཀྱིས་གཟི་དི
207b2 གཅོད་པའོ།། དྲེགས་པ་ཅན་གཟིར་བའི་དོན་དུ་བཟླས་པའོ།། ཨོཾ་ཡེ་ཤེས་ལྔའི་རང་སྔགས། བཛྲ་རྡོ་རྗེ། སརྦ་ཐམས་ཅད། དྲྀཏྲཱུཾ་དྲེགས་པ་ཅན་གྱི་སྟོབས་སོ།། ཧཱུ~ཾ་ཟིལ་གྱིས་གནོན་པ་ཐུགས་འདུས་པ། ཕཊ་གཅོད་པའོ།། དྲག་སྔགས་གཟིར་གནོན་དུ་བཟླས
207b3 པའོ།། བདག་ཉིད་སྟོབས་ལྡན་གསལ་བ་ལས།། དྲེགས་པ་མ་ལུས་གཟིར་བྱེད་ཅིང་།། ཁམས་སུ་དྲེགས་པ་གནད་ལ་བོར།། དེ་ཉིད་སྡེ་བརྒྱད་ལས་ལ་དགྱེ།། བསྟན་པའི་བསྲུང་མར་དབང་བསྐུར་རོ།། ཞེས་གསུངས་སོ།། དམོད་པ་དྲག་སྔགས་ཀྱི་དགོངས་པ
207b4 བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །། སྒྲུབ་པ་བཀའ་བརྒྱད་ཀྱི་འདབ་དགོངས་སྔགས་ཀྱི་དོན་བསྟན་པའི་སྐབས་ཏེ་གསུམ་པའོ།། །། མཆོག་བསྐོང་བའི་རྒྱུད་ཅེས་བྱ་བ་ལེའུ་བཅུ་དགུ་པ་སྐབས་གསུམ་པ། སྩོགས་སྩོགས། རྒྱལ་པོ་ཁྲི་སྲོང་ལྡེའུ
207b5 བརྩོན་གྱི་ཕྱག་དཔེ། རིན་ཆེན་གཏེར་དུ་སྲས། གཏེར་རྒྱ། སྦས་རྒྱ། གཏད་རྒྱུ། འདི་ཇོག་ཤིང་ལེ་རྒྱ་ཉིས་པ་རྗོད་པ་སྔགས་བརྟན་པའིའི་ཉི་ཟླ་བཞིག་སྤང་བ་དོད་ཅན་ག་ཞན་ནི་འདི་དི་བྱས་པར་འདུན་ནོ།། མཚང་འ་བསླང་བའི་རྒྱུད། བཅོམ་ལྡན
207b6 འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྣམ་པར་དག་པའི་བདག་ཉིད་ཆེན་པོ་འགྱུར་བ་མེད་པ་རྡོ་རྗེའི་རང་བཞིན་ཅན། དུས་གསུམ
207b7 ཀྱི་འདོད་པ་མ་ལུས་པ་ཐམས་ཅད་བསྒྲུབ་པར་ནུས་པ།། ཡིད་བཞིན་གྱི་ནོར་བུ་ཞིན་པོ་ཆེའི་གཏེར་མི་ཟད་པའི་དབྱིངས་ལྟ་བུ། སྲིད་པ་དང་ཞི་བའི་ཆོས་མ་ལུས་པ་སྐད་ཅིག་ཙམ་ལ་ཐུགས་སུ་ཆུད་པ། ཡེ་ཤེས་ཀྱི་ཐིག་ལེ་ཆེན་པོ་སྣ་ཚོགས་སུ་རྣམ་པར་འཕྲུལ་པའི་ངོ་བོ




iiif viewer powered by OpenSeadragon

207a - 208a

Texts on this page

Gdg014.16 - bde gshegs 'dus pa'i sngags rgyud/ phyi ma'i phyi ma
Gdg014.17 - ma tshang kha bskang ba'i rgyud