e-texts navigator
Collection
Volume
Page
Wylie

19b1 ཕྱུགས་རྟག་ཏུ་ལེགས་པ་དང་། སེམས་ཅན་ཐམས་ཅད་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་ལྡན་ཏེ་བླ་ན་མེད་པའི་བྱང་ཆུབ་འཐོབ་པར་གྱུར་ཅིག། དྲི་མེད་དཀྱུལ་པོ་བཤགས་པའི་རྒྱུད་ལས། ཉམས་ཆག་དྲང་རྟོག་སྒྲིབ་སྐྱོང་བའི་བཤགས་པ་སྟེ་ལེའུ་གསུམ་པ།
19b2 དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྗེད་མཆོག་ལ་གནས་པ་རྣམས་ཀྱིས་བརྗོད་མེད་ཀྱི་བཤགས་པ་འདི་གསུངས་སོ།། ཨོཾ་ཡེ་ཤེས་སུ་མཆོག་རང་བཞིན་དཀྱིལ་འཁོར་ནི།། རྩཝ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང་།། ཐུགས་རྗེས་ཉི་གས་ལ་འོད་བཞིན་གྱིས
19b3 མཛད་པ།། འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ།། བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ།། བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ།། ཐུགས་རྗེ་ཐབས་མཁས་རྒྱ་ཆེར་རོལ་པ་ཡི།། ཞེ་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ།།
19b4 དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི།། ཀུན་ཏུ་བཟང་པོ་བླ་མེད་མཆོད་སྦྱིན་གྱིས།། མཁའ་དབྱིངས་རྣམ་དག་རྒྱ་ཚོར་ཡོངས་བཀོད་དེ།། ཕྱེ་ནང་གསང་བའི་མཆོད་པ་རྒྱ་མཆོས་མཆོད།། ཀུན་ཏུ་བཟང་མོ་གསང་བའི་བྷ་ག་ལ།། རྒྱལ་བ་འོད་དཀྱིལ་འཁོར་རབ
19b5 འབྱམས་མ་ལུས་ཀུན།། འདུ་འབྲེལ་མེད་པའི་ངང་དུ་རོ་གཅིག་པས།། གཉིས་མེད་བྱང་ཆུབ་སེམས་ཀྱིས་མཉེས་གྱུར་ཅིག། སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ།། ཆོས་རྣམས་རྣམ་དག་ཡེ་ནས་འོད་གསལ་ཞིང་།། རྣལ་འབྱོར་ཉིད་དབྱིངས
19b6 སྐབས་མ་ལས་འདས་པ།། མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུང་།། ཀུན་བཟང་རྫོགས་ཆེན་ཡེ་ནས་གདལ་བ་ལ།། གྱི་ནང་གསང་བ་བཀོད་པའི་དཀྱིལ་འཁོར་ནི།། སྔང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས།། འབྱུང་དང་འཐུང་འགྱུར་ཡབ
19b7 ཡུ~ཾམ་ལྡན་རྫོགས་རྣམས།། གསང་ཆེན་རབ་དཀྱིས་གཟུངས་ཆེན་བདག་ཉིད་མ།། མཁའ་དབྱིངས་ཀློང་ཡངས་བདྨ་འཀྱིལ་པ་ནི།། གཉིས་མེད་ཐིག་ལེ་ཆེན་པོར་འོད་གསལ་བ།། མ་བཅོས་སྤོས་མེད་བྱང་ཆུང་སྐྱེད་པོའི་སྐུ།། ཅིར་ཡང་སྡང་བ་བ་རྩེན་བརྫུ།




iiif viewer powered by OpenSeadragon

19a - 20a

Texts on this page

Gdg014.1 - dam tshig thams cad kyi nyams chag skong ba'i lung/ bshags pa thams cad kyi rgyud dri ma med pa'i rgyal po