e-texts navigator
Collection
Volume
Page
Wylie

145b1 ལས་སྦྱོར་རྣམས།། བསྐྲད་དང་དབྱེ་དང་གཟིར་ལ་སོགས།། ལས་མཐའ་མངོན་སྤྱོད་དྲག་ཏུ་གཟིར།། རྣམ་པར་ཉམས་པར་བྱེད་པའི་ལས།། དྲག་ཤུལ་འཇིགས་པའི་སྦྱོར་བ་བརྩམ།། ལས་རྗེས་དགྲ་བགེགས་ལིང་རོ་རྣམས།། མཛེ་ཕོ་རབས་ཆད་ནག་པོ་དང་།།
145b2 མོན་མཐའ་མིའི་ཐོད་པ་དང་།། གཅན་གཟན་དར་མའི་ཐོད་པ་སྟེ།། གང་ལ་གང་རིགས་ནང་དུ་གྲུབ།། ཐུན་དང་ཐལ་འདམ་ནག་པོས་བཅད།། རོ་ཆིང་རོ་རས་ཡུགས་ས་ཡི།། དོང་མས་ཟིལ་ནས་ཚོན་སྐུད་ཀྱིས།། བྱད་དུ་གཞུག་སོགས་དམ་པར་བྱ།། དུས་གཟེང་ཕུད་གསུམ
145b3 ངག་དང་སྤྲད།། ལགཉན་ལུང་གཉན་ཆུ་མདོ་དང་།། ཁྲིམས་ལམ་བཞི་མདོ་ལ་སོགས་པའོ།། ལྷ་འདྲེ་མ་རུངས་གནས་པའི་ས།། ཆུ་བྲག་གཙུག་ལག་མཆོད་རྟེན་ཞབས།། གར་འོས་ས་རུ་གནན་གཏད་བྱ།། སྟེང་ནས་འབྱུང་བ་མེ་ཆུ་དང་།། ངོ་གཡམ་རང་ཐག་ཆག་པོ་ལ།
145b4 རི་རབ་རྡོ་རྗེ་རྒྱ་གྲམ་བྲི།། མནན་གཟིད་དམོད་བཅོལ་བཅས་པས་མནན།། མནན་པ་ལས་ཀྱི་མཐའ་སྡུད་ཀྱི།། ལས་སྦྱོར་གནད་ལ་དབབ་པར་བྱ།། དགྲ་དཔུང་མནན་དང་བགེགས་དཔུང་བཤིག། སྒྲོ་བྱེད་ལས་ཀྱི་སྦྱོར་བ་བྱ།། ཡང་ནི་ལས་རྗེས་བསྲེག་པ་སྟེ།། ཕུང་གསུ
145b5 བདུད་ཀྱི་ཉི་མ་ལ།། དྲག་པོའི་ཤིང་གིས་ཧོམ་ཁུང་བརྩེག། དུག་ཁྲག་ཏིལ་ནག་འབུ་ནག་སོགས།། ཐུན་རྫས་རྣམ་པ་སྣ་ཚོགས་དང་།། དམིགས་བྱའི་རྔུ་པ་གཏོར་མ་དང་།། ཤ་ཁྲག་ལ་སོགས་བསྲེག་རྫས་བཅས།། མཚོན་གྱིས་གཏུབས་ལ་རིམ་བཞིན་འབུལ།། མེ་སྤང་ལྷར་སྙེད
145b6 ལས་རྣམས་བྱ།། མེ་ནང་དྲག་པོའི་སྲུང་མ་དང་།། ཕོ་ཉ་ལས་མཁན་རྔབས་ལ་བསྐྱེད།། ཁ་གདངས་ནང་དུ་དམིགས་ཏེ་ཕུལ།། རང་རང་ལས་སྦྱོར་སྔགས་དང་བཅས། ད་མོད་པའི་ཚིག་གིས་དྲག་མུར་བསྲེག། བར་མཚམས་ལེ་ལོ་མ་ཞུགས་ཤིང་།། ཏིང་འཛིན་རྫང
145b7 མེད་པར་བྱ།། དམིགས་བྱ་ལྷག་མེད་བཞེས་ཤིང་བསྲེག། རོ་མ་ཐལ་སོལ་རླུང་ལ་འཕྱར།། ཡང་ན་ཁྲིམས་ལ་མདོང་དུ་མནན།། འཕེན་པ་ཟོར་གྱི་ལས་རྣམས་ནི།། དྲག་སྔགས་ལས་ཀྱི་གཏོ་རོ་མ་དེ།། སྡེ་བརྒྱད་དྲེགས་པ་འགྱུ་དུས་དང་།། ཕྱོགས་སྨད་དམིགས




iiif viewer powered by OpenSeadragon

145a - 146a

Texts on this page

Gdg014.9 - bla ma yi dam mkha' 'gro thams cad kyi phrin las kyi rgyud spu gri reg gcod