| | e-texts navigator
|
138b1 དང་མཚུངས་པ་སྟེ།། ལས་གང་ཐོགས་པ་མེད་པར་འགྲུབ།། རབ་ཏུགལ་བའི་དུས་དང་ནི།། ཕྱི་ནང་འབྱུང་བ་ཁྲུགས་པ་དང་།། ཉ་ཟླ་ཐཱ་གནན་འཇོམ་པའི་རྩ།། མངན་སྟོང་དྲག་པའི་འསལ་འཇུག། དུས་ནི་ལས་རྣམས་མྱུར་འགྲུབ་འགྱུར།། མངོན་སྤྱོད་བསྒྲུབ་པ
138b2 གང་ཟག་ནི།། སེམས་རྒྱང་རབ་ཏུ་གཏུམ་པ་ལས།། བློ་སྟོབས་ཆེ་ཞིང་ཞུམ་པ་མེད།། ལུས་རྔམ་ཁྲོ་བོ་ཁྲོམ་པ་འདྲ།། མིག་རྩ་དམར་ལ་ཝ་ལོ་གཟིང་།། སྐྱོང་ལམ་ཐུག་ཐུབ་རབ་ཏུ་ཆེ།། ངག་ཉུང་བཟླས་བརྗོད་སྔགས་ལ་བརྩོན།། ཤ་ཁྲག་དམར་ལ་རབ་ཏུ་དང་།། དྲག་པོ
138b3 ལས་ལ་རབ་ཏུ་བརྩོན།། རྒྱུད་རྩུབ་བྲོ་གཏུམ་རབ་ཏུ་ཆེ།། ཞེ་ནག་འཛིན་ཤེས་གཏོང་མི་ཤེས།། བསྟན་ལ་འརྩི་ཞིང་སྤྱི་སེམ་ཆེ།། བྱ་བ་གང་ཡང་མཐར་འབྱུང་བྱེད།། བརྩོན་འགྲུས་ལྡན་ཞིང་སྙིང་དུས་ཅན།། གར་ཡང་ཐོགས་མེད་འཇུག་པ་ཡི།། གང་ཟག་དེ་འདྲས་པ
138b4 པན།། མྱུར་འགྲུབ་དགྲ་བགེགས་ཐུལ་བར་འགྱུར།། དེ་ལས་ལོག་པའི་གང་ཟག་རིགས།། འཇམ་ལ་ཞི་དུལ་ལྡན་པ་ཡི།། བློ་རྩཝ་ཐུང་བའི་རིགས་ཅན་གྱིས།། བསྲུབས་ཀྱང་འགྲུབ་པར་མི་འགྱུར་རོ།། དམིགས་བྱ་ངོས་བཟུང་རྣམ་པ་གཉིས།། དགྲ་དང་བགེགས་ཏེ་དགྲ་བོ་ན།། སྐྱེ
138b5 དང་བྱེ་བྲག་རྣམ་པ་གཉིས།། སྤྱིར་ནི་སངས་རྒྱས་བསྟན་པ་ལ།། གནག་པའི་སེམས་འཆང་གདུག་ཅུ་བ་ཅན།། དགེ་འདུན་སྤྱི་དགྲ་བྱེད་པ་དང་།། དཀོན་མཆོག་སྡེ་པའི་ནོར་རྣམས་འཇོམས།། དཀོར་ཆ་འཇོམས་ཤིང་དབེན་གནས་བཤིག། བྱང་ཆུབ་སེམས་དཔའི་ཐུགས་དཀུག་ཅིང་།
138b6 བསམ་གཏན་བསྒོས་པའི་གླེགས་བྱེད་པ།། བླ་མ་ངམ་པའི་སྐུལ་བསྔོས།། སེམས་ཅན་ཡོངས་ལ་འཚོ་བབྱེད།། རྟག་ཏུ་སྡིག་པའི་ལས་པ་བྱེད།། དགེ་འདུན་དབྱེན་བྱེད་གནག་སེམས་བྱེད།། དཀོན་མཆོག་གསུམ་ལ་རྒྱབ་ཀྱིས་ཀྱོགས།། མདོར་ན་སངས་ནས་བསྟན་པ
138b7 སྐྱེ་དགྲ་བྱོང་ཅིང་དགྲོལ་འཚེ།། དམིགས་བྱེང་འདྲ་བསྒྲལ་པོའི་ཡུལ།། བྱེ་བྲག་དང་ཉིད་མཉེས་པར།། དེབ་སྔོ་གྲོང་བཙུག་བརྙེས་པ་འཆང་།། རྐུན་སྣ་གཏད་ཅིང་ཛག་འདྲལ་བྱེད།། བརྡུང་བཙོག་འགྲོག་བཅོམ་རྩུབ་འཁྲུག་སྟོན།། ལེན་ཉེས་མེད་པ་ཞེ་གཅོད་ཅིང་།། སྦྲུལ
iiif viewer powered by OpenSeadragon
138a - 139a