| | e-texts navigator
|
138a1 རྣམ་པ་ན་ནངས་རྒྱ།། གནམས་གྲགསུམ་ངམ་ནག་ཅང་།། དུག་དང་དུག་ཤིང་མང་བསྡུས།། སྱཱ་ནས་ཀྱང་ལ་ཁྱུད་འདྲ་དང་།། འགནས་བྱིན་དུ་གཟངས་པའན།། སཛྲོད་བྲག་ཐོས་འདི་གནས། བྷག་གནས་ནི་བསམ་ས་ཁྱག།
138a2 ཡེ་ཤེས་ལྷ་ཡི་དྲག་སྔགས་གནས།། སྐྱོ་བོའི་ཁྲིད་དུ་མ་ཡིན་ཞིང་།། རབ་ཏུ་དབེན་ལ་བག་ཕེབས་པ།། བས་མཐའ་ཡངས་པའི་ས་ཕྱོགས་སོ།། འཇིག་རྟེན་པ་ཡི་དྲག་སྔགས་གནས།། དུར་ཁྲོད་ལ་སོགས་འདྲི་སྲིན་རྒྱ།། རབ་གནས་མ་བྱས་ས་ཕྲོགས་ཏེ།། རང་གིས་འཇིགས
138a3 བའི་གནས་སུ་བསྒྲུབ།། གཞན་ཡང་བྱེ་བྲག་སོ་སོའི་གནས།། གང་ལ་གང་རིགས་གནས་སུའོ།། ཁྱད་པར་དྲག་སྔགས་བསྒྲུབ་པའི་གནས།། རབ་ནི་ས་དོང་མུན་པ་སྟེ།། རིམ་པ་བདུན་གྱིས་འོག་ན།། ལས་ཀྱི་གཤིན་རྗེ་གནས་པའི་ཕྱིར།། སྟོངས་གྲོགས་མཐུ་དང་འབྱེད་པའོ།།
138a4 འབྲིང་ནི་ས་ཁེབས་བྲག་ཕུག་སྟོང་།། དམ་ནག་མུན་པ་རབ་ཏུ་འཁྲིགས།། དྲེགས་པ་སྡེ་བརྒྱད་གནས་པ་སྟེ།། བྱང་ཕྱོགས་ཁ་བ་ལྟའི་ཕྲག་པ་ཤེས།། ལས་རྣམས་མྱུར་དུ་འགྲུབ་པར་འགྱུར།། ཕྲ་གསུང་ཐུགས་རྟེན་མི་བཞུག་གནས།། ཡང་ནི་རབ་ཏུ་གནང་ཞིག་ཅིང་།། འབྲུ
138a5 བདག་བྱས་གཙུག་ལག་ཁང་།། མདོར་ན་འཇིག་རྟེན་དྲེགས་པའི་ཚོགས།། རྒྱུ་ཞིང་གནས་པའི་སར་བསྲུབས་པས།། གཅིག་རྒྱབ་གཅིག་གིས་བྱས་པ་ཡི།། གང་དང་གང་གིས་ལས་བྱས་པའི།། དེ་དང་དེ་དག་མྱུར་དུ་འགྲུབ།། ཐོགས་པ་མེད་པའི་མཐུ་ཐོ་བ་འགྱུར།། དེ་བཞིན་དྲ
138a6 སྔགས་བསྲུབ་པའི་དུས།། དུས་གཟའ་དྲག་པོ་རྒྱ་བ་སྟེ།། ཕུང་གསུམ་བདུད་ཀྱི་ཉི་མ་དང་།། དྲེགས་པ་སྟོབས་ལྡན་གྲུབའི་དུས།། གཟའ་དང་སྐར་མ་ཛུ་བ་ལ་སོགས།། གང་དང་གང་གི་རིགས་རྣམས་ལ།། དེ་དང་དེ་ཡི་རིགས་བསྟན་ནས།། ནམ་བྱེད་སྲོད་དང་མུན་པ་འཁྲ
138a7 དུས་དེར་དྲག་པོའི་བསྙེན་བགྲུབ་དང་།། ལས་ལ་སྦྱར་བ་རབ་ཏུ་ཤིས།། ཟླ་བ་མར་གྱི་ངོ་དག་ལ།། ལས་མཐའ་མནན་བསྲེག་ཟོར་ལས་བྱ།། ཡང་ནི་སྔགས་པའི་ཀླུང་འཁྲུགས་ནས།། རྔམ་ཞིང་ངར་དང་ལྡན་པའི་ནས།། སྐད་ཅིག་ཉིད་དེར་ལས་སྦྱོར་བརྩམ།། གནམ་ལྕགས་ཐོག
iiif viewer powered by OpenSeadragon
137b - 138b