| | e-texts navigator
|
137b1 པའི་ལམ་ཞུགས་པའོ།། ལུས་ངག་ཡིད་སྤྱོད་མ་རུངས་པ། སྡང་ཞིང་གནོད་གདྲུག་རྩལ་ཕྱུང་ནས།། ཡོངས་ལ་འཚེ་བར་བྱེད་པ་རྣམས།། དེ་དག་འདུལ་བར་བྱེད་པའི་ཐབས།། དྲག་པོའི་ཤུགས་ཀྱིས་སྩལ་དུ་གསོལ།། བྱམས་པར་གྱུར་པའི་ཐུགས་མངང་ཞིད།། ཞི་བའི་ངང
137b2 ལས་མ་གཡོས་ཀྱང་།། ཐབས་ཀྱིས་གདུག་པ་འདུལ་སླད་དུ།། རབ་ཏུ་ཁྲོས་པའི་ཤུགས་ཕྱུང་ནས།། དྲག་རྦང་ལས་རྣམས་སྩལ་དུ་གསོལ།། ཞེས་སོགས་མྱུར་དུ་ཞུས་པའི་ཚེ།། བཅོམ་ལྡན་རྔམ་པའི་སྟབས་སྟབས་ཀྱིས།། ཕྱོགས་བཅུར་གཟིགས་ཤིང་གཟི་བརྗིད་བརྩེས།
137b3 སྲིད་མ་ལུས་རབ་ཏུ་གཡོས།། མ་རུངས་ཆོ་འཕྲུལ་བཀྱེས་ནས་ནི།། ལྗགས་ཟོར་རྔམ་པས་བཀའ་སྩལ་པ།། ཉོན་ཅིག་སྐལ་པ་དབང་ཆེན་དཔལ།། གདུལ་བྱ་མ་རུངས་འདུལ་བའི་ལས།། ཐབས་ཀྱི་རྒྱལ་པོར་ངས་བཤད་ཀྱི།། ཐོག་མར་བརྣག་པའི་འདུན་པོ་ཉོན།། བབ་ཏུ་རབ
137b4 ཏུ་ཁྲོས་པས་ཉོན།། ཐ་མར་དྲག་ཤུལ་སྤྱོད་པས་ཉོན།། སྔོན་འགྲོ་དངོས་གཞི་རྗེས་རིམ་བཞིན།། གཏན་ལ་གང་ཕེབས་བརྡེག་པར་བྱོས།། ལོག་པའི་ལམ་ཞུགས་གདུལ་བྱ་རྣམས།། ཐབས་ཀྱིས་འདུལ་བར་བྱ་བ་དང་།། བདུད་དང་དཱུ་ཏྲ་ལ་སོགས་པ།། ལམ་གྱི་འགལ་རྐྱེན་བྱེད
137b5 པའི་བགེགས།། དགྲ་སོགས་འཇོམས་པའི་ལས་རྣམས་ཀྱང་།། དྲག་ཤུལ་ལྡན་པས་ཡང་དག་བརྩམ།། འབར་ཞིང་རབ་ཏུ་རྔམ་པ་ཡིས།། ལེགས་བརྗོད་ལས་དང་ལས་ཀྱི་རིགས།། རབ་ཏུ་གསལ་དོན་ཡང་དག་བརྗོད།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི
137b6 རླུང་ཕྲ་གྲི་རེག་གཅོད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། ཨཱཾ།། ། དགྲ་བགེགས་ལོག་འདྲེན་འཇོམས་པའི་ལས།། སྔོན་དུ་འགྲོ་བའི་རིམ་པ་རྣམས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ།། གནས་དང་དུས་དང་གང་ཟག་དང་།། དམྱིགས་བྱ་གང་ཡི་ནངོས་བཅཝ
137b7 དང་།། དམིགས་པའི་སྒྲུབ་བྱ་བ་དང་།། བླུན་རྫས་དང་ནི་བཅས་ཀ་སྟེ།། དྲག་སྔགས་བསྒྲུབ་པར་བྱེད་པའི་གནས།། སྤྱི་དང་བྱེ་བྲག་ཟང་པར་གསུམ།། སྤྱིར་ནི་རབ་འཇིགས་དུར་ཁྲོད་གནས།། ངམནག་སྐྱེགཡ་ཏོར་ཁྲུང་འདྲ།། ཆུ་རོང་བྲགའང་བ་འདྲེ་སྲིན་འཁྲུགས།། ཐ་ག་ཅན
iiif viewer powered by OpenSeadragon
137a - 138a