e-texts navigator
Collection
Volume
Page
Wylie

137a1 ཋ་ས་སུ་ཨུ་མ་ག་ས་ནག་ནས།། ན་གས་དཔའ་སྤྱད་ན། ཐཱས་བ་སྨྲམས། གསངས་རྙན། སརྦྦ་ས་མ་རྒྱན་རྣམ། འདུན་ན
137a2 བླ་མ་མེད་མ་མཁའ་འགྲོ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་རྒྱུད་སྒྲ་གྲི་རེག་གཅོད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་ཆེན་རྔམ་པ་དྲག་པོ་གཏུམ་རྔམ་རབ་ཏུ་ཁྲོས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།། སྣང་སྲིང་རབ་ཏུ་གཡོས་ནས་ནི།། འབྱུང
137a3 བཱ་མེ་རླུང་འཁྲུགས་པའི་ཀློང་།། བདུད་དང་རཱ་ཏྲ་རབ་བསྒྲལ་ནས།། ཤ་ཁྲག་རྒྱ་མཚོར་འཁྱིལ་པའི་དབུས།། དྲག་སྔགས་མཚོན་ཆའི་གྲཝར་ཁང་དུ།། དྲེགས་པ་ཁྲོ་ཤུག་བསྣོལ་བའི་སྟེང།། བཅོམ་ལྡན་སྣང་བ་མཐའ་ཡས་སྐུ།། གཟི་བརྗིད་རིབ་འབར་སྐུར་བཞེངས་ནས།། བྷོ
137a4 ཀྱི་དཔའ་ཤུགས་རབ་བསྐྱེད་དེ།། སྐུ་གསུང་ཐུགས་ལས་འོད་ཀྱི་ཟེར།། ཚ་ཆེས་སྣང་སྲིད་སྟོང་ཁམས་གང་།། མ་རུངས་པ་རྣམས་ཚར་གཅོད་ཅིང་།། སྤྲུལ་པ་དཔག་མེད་འགྱེད་པའི་ཚེ།། འཁོར་གྱི་གཙོ་མཆོག་དབང་ཆེན་རྒྱལ།། ཧ་ཡ་བྷཱི་ཝ་དགྲ་བགེགས་གཤེད།། རབ་ཏུ་དྲས
137a5 པའི་སྟོབས་ཤུགས་ཅན།། སྦྲུལ་དུར་ཁྲོད་ཆས་ཀྱིས་བརྒྱན།། སྤྱི་གཙུག་དབང་སྐད་རྟ་མཆོག་འཚེར།། སྦྲུལ་དང་ཡང་སྦྲུལ་དཔག་མེད་འགྱེད།། གསུང་གིས་རྔམ་པའི་ང་རོ་སྒྲོགས།། ཧཱུཾ་ཕཊ་སྒྲ་ཡིས་སྟོང་གསུམ་གཡོ།། ཧ་ཧའི་གང་མེ་ཆེར་འབྱིན་ཅིང་།། དགྱེས་པའི་གདངང་སྐད
137a6 འབྱུང་པོ་སྐྲག། སྒྲོལ་འགྱུར་མེད་པའི་ཐུགས་གློང་ནས།། ངང་གིས་ཡེ་ཤེས་རྩལ་འབྱིན་ཡང་།། མ་རུངས་པ་ལ་དུག་ཆར་འབེབས།། བརྩེ་བས་འགྲོ་ལ་རབ་དགོངས་ནས།། རྫུ་འཕྲུལ་ཤུགས་ཀྱིས་དྲག་པོར་སྤྲུལ།། འདུས་པའི་འཁོར་གྱི་གཙོ་མཆོག་གིས།། ཉིད་ཀྱི་རྫུ་འཕྲུལ
137a7 རྣལ་བ་ཤིག་ནས།། བཅོམ་ལྡན་འདས་ལ་འདིསྐད་གསོལ།། ཧྲཱིཿའབར་བའི་ཀློང་ནས་སྤར་བཞེངས་པ།། ཡང་དག་དོན་ལྡན་བཅོམ་ལྡན་འདས།། སྤྲུལ་པ་ཕྱོགས་བཅུར་འབྱེད་པཔོ།། བརྩེབས་བདག་ལ་དེང་འདིར་དགོངས།། གདུལ་བྱ་རེ་ངས་པར་གྱུར་ནས་ནི།། མདག་ལོག




iiif viewer powered by OpenSeadragon

136b - 137b

Texts on this page

Gdg014.9 - bla ma yi dam mkha' 'gro thams cad kyi phrin las kyi rgyud spu gri reg gcod