e-texts navigator
Collection
Volume
Page
Wylie

114b1 གཏན་ལ་ཕེབ་བྱས་ཏེ།། ལོངས་སྤྱོད་འཕེལ་བར་བྱེད་པའི་ཐབས།། སྐར་མརྒྱལ་ལ་བརྡུངས་པ་ཡི།། གསེར་གྱི་བྱང་བུ་མིག་དགུ་པ།། གསུ་ཡི་པྲ་ཅན་དང་དམར་དྲིལ།། མི་ལག་མི་འབྲིམ་ལུས་ལ་འཆང་།། བདེ་གཤེགས་རིགས་ལྔ་ལ་སོགས་པའི།། བླ་མ་ཡི་དམ་མཁའ་འགྲོ།།
114b2 རྣམས།། ཡང་ཡང་བཅུག་ནས་བྱང་བུར་བསྟིམ།། མཱ་སྔགས་པ་སུའི་གཤམ་ཅན་བཟླས།། དཔལ་འབྱོར་ལོངས་སྤྱོད་འཕེལ་བར་འགྱུར།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྐྲུན་པའི་སྲོག་ཤིང་ལས།། ལོངས་སྤྱོད་འཕེལ་བའི་ཐབས་བསྟན་པའི
114b3 ལེའུ་སྟེ་ལྔ་པའོ།། བྷི།། ། དད་བརྩོན་ལྡན་པའི་རྣལ་འབྱོར་པས།། བླ་མ་ཡི་དམ་མཁའ་འགྲོ་ཡི།། རྩ་བ་དང་ནི་ཡན་ལག་གི།། བསྙེན་བསྲུབ་གཏན་ལ་ཕེབ་བྱས་ཏེ།། འགྲོ་བ་འདུ་བར་བྱེད་པའི་ཐབས།། ཟངས་ཀྱི་བྱང་བུ་སོར་བཞི་ལ།། མཚལ་གྱིས་སྣང་བ་མཛང་།
114b4 ཡས་སུ།། ལོངས་སྤྱོད་རྫོགས་པའི་ཆ་ལུགས་བྲི།། ཞྭང་མཐོད་ཀྱི་ནང་དུ་གཞུག། སྣང་བ་དབང་སྡུད་སྔགས་བཟླས་པས།། དགའ་མགུ་ལྡན་པས་འགྲོ་བ་འདུ།། བསམ་འདུན་ཆོས་ལ་གནས་པར་འགྱུར།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི
114b5 སྲོག་ཤིང་ལས། འགྲོ་བ་དབང་དུ་བསྡུ་བའི་ཐབས་བསྟན་པའི་ལེའུ་སྟེ་དྲུག་པའོ།། ཨཱི།། ། དད་བརྩོན་ལྡན་པའི་རྣལ་འབྱོར་པས།། བླ་མ་ཡི་དམ་མཁའ་འགྲོ་ཡི།། རྩ་བ་དང་ནི་ཡན་ལག་གི།། བསྙེན་བསྲུབ་གཏན་ལ་ཕབ་བྱས་ཏེ།། དཔལ་དང་གཟིང་རྗིད་རྒྱས་པའི
114b6 ཐབས།། ཐབས་ཤེས་བྱང་སེམས་དཀར་དམར་ལ།། རིན་ཆེན་མཚལ་གྱིས་ཁ་ཚར་བཏགས།། སྨན་མཆོག་རྒྱལ་པོ་གསེར་མདོག་ཅན།། སྦྱོར་བ་བསྲེས་པའི་རིལ་བུ་ནི།། རི་དྭགས་ཐ་བའི་རིལ་མ་ཙམ།། བརྒྱད་དངོ་རྩ་བརྒྱད་བྱས་པ་ལ།། རྩ་སྔགས་འབུམ་གྱིས་རར་བླད་པས།
114b7 ནང་མ་བརྒྱདངདུ་རྩ་བརྒྱད་དདུ།། མི་ལགམ་བརྒྱད་ཀྱི་སྟོང་བྱུང་།། དཀྱིལ་འཁོར་ལྷགས་པ་དཔའ་ཤུགས་བསྐྱེད།། དཔལ་ད་ངག་ཟི་བརྗིད་ཅས་པར་འགྱུར།། བླ་མ་ཡི་དམ་མཁང་འགྲོ་ཐམས་ཅད་ཀྱི་ཡོན་ཏན་ཀྱི་རྒྱང་བསྟན་པའི་ཐོག་ཤིང་འས། དཔལ་དང་གཟི་བརྗིད་ཀྱིས




iiif viewer powered by OpenSeadragon

114a - 115a

Texts on this page

Gdg014.8 - bla ma yi dam mkha' 'gro thams cad kyi yon tan gyi rgyud bstan pa'i srog shing