e-texts navigator
Collection
Volume
Page
Wylie

114a1 དཔའ་ཤུགས་རང་དང་ལྡན་པར་བྱ།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། རྩ་བའི་བསླབ་པ་བསྟན་པའི་ལེའུ་སྟེ་གཉིས་པའོ།། སྟྭ~ཾ།། ། དང་བརྩོན་ལྡན་པའི་རྣལ་འབྱོར
114a2 པས།། བླ་མ་ཡི་དམ་མཁའ་འགྲོ་ཡེ།། རྩ་བ་དང་ནི་ཡན་ལག་གོ།། བསྙེན་བསྲུབ་གཏན་ལ་ཕེབ་བྱས་ཏེ།། རིན་རྗེན་ཚོན་སྲིང་པོའི་ཐབས།། ཐོ་རངས་མི་ཚིག་མ་འདྲེས་དུས།། བདག་ཉིད་སྣང་བ་མཐའ་ཡས་སྐུ།། དམར་གསལ་མདང་ས་ཛྙཱན་མ་རྙེང་གནག་མངོ།
114a3 ཆོ་བྲམ་བཅུད་ལྡན་ཅན་གྱིས་སྦས།། ལོངས་སྐུའི་ཆ་ལུགས་ལྡན་པས་བསྣམས།། དུས་གསུམ་རྒྱལ་བ་བཀུག་ནས་ནི།། བདག་ཉིད་ཚེ་བུམ་བཅས་ལ་བསྒྲིམ།། ཨོཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཛྱེ་བྷྲཱུཾ་སྭཱ་ཧཱ། དེ་ལྟར་བརྒྱ་སྟོང་ལ་སོགས་བཟླས།། རིན་ཆེན་ཚེ་ཡི་དངོས་གྲང་ཟང་།
114a4 ཕྱ་མ་གདལ་དམིགས་མེད་དང་ལ་བཞག། ཚེ་འཕེལ་དངོས་གྲུབ་འབྱུང་བར་འགྱུར།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལས། ཚེ་སྲིང་པའི་ལེའུ་སྟེ་གསུམ་པའོ།། ཧྲཱི།། ། དད་བརྩོན་ལྡན་པའི་རྣབ་འབྱོར་པས།
114a5 བླ་བ་ཡི་མ་མཁའ་འགྲོ་ཡི།། རྩ་བ་དུང་ནི་ཡནྟ་ལག་གི།། བསྙེན་བསྒྲུབ་གཏན་ལ་ཕེབ་བྱས་ཏེ།། བསོད་ནམས་རྒྱས་པར་བྱེད་པའི་ཐབས།། ཟླ་རྒྱས་བཅོ་ལྔའི་དུས་ཀྱི་ཚེ།། བཞི་མཉམ་དར་སེར་དྲི་མེད་ལ།། བདག་ལུས་རིན་ཆེན་གསེར་གྱིས་བྲེས།། ཡང་སྙིང་རྩ
114a6 བའི་སྔགས་ཀྱི་མཐར།། པུརྦཱ་ཛྙཱ་ན་པུཥྚཾ་ཀུ་རུ་ཨཻ་སྭཱ་ཧཱ། ཁྲི་འབུམ་ལ་སོགས་ཅི་འགྲུབ་བཟླས།། སྣ་ཚོགས་དར་དང་རིན་ཆེན་བཅས།། མི་ཡིས་མུ་མཐོང་ལུས་ལ་འཆུང་།། བསོད་ནམས་མདའ་ཐང་རབ་རྒྱས་ནས།། འགྲོ་བའི་ཁ་ལོ་ཡིད་བཞིན་བསྐུར།། བླ་མ་ཡི་དམ
114a7 མཁའ་འགྲོ་ཐམས་ཅད་ཀྱི་ཡོན་ཏན་གྱི་དྲུང་བསྟེན་པའི་སྲོག་ཤིང་ལས། བསོད་ནམས་རྒྱས་པར་བྱེད་པའི་ཐབས་བསྟན་པའི་ལེའུ་སྟེ་བཞི་པའོ།། སྠེ།། དང་བརྩོན་ལྡན་པའི་རྣལ་འབྱོར་བས།། བླ་མ་ཡི་དམ་མཁའ་འགྲོ་ཡི།། རྦ་བ་དང་ནི་ལན་ལག་གི།། བརྟེན་པབསྒྲུབ




iiif viewer powered by OpenSeadragon

113b - 114b

Texts on this page

Gdg014.8 - bla ma yi dam mkha' 'gro thams cad kyi yon tan gyi rgyud bstan pa'i srog shing