| | e-texts navigator
|
55a1 རྡུ་གར་སྐད་དུ། ཤྲཱི་ཧེ་རུ་ཀ་ཀཱ་རུ་ཎ་ཀྲཱི་ཌི་ཏ་ཏཱན་ཏྲ་གུཧྱ་ག~ཾ་བྷཱི་རྱ་ཨུཏ་ཏ་མ་ནཱ་མ། བོད་སྐད་དུ། དཔལ་ཧེ་རུ་ཀ་སྟེང་རྗེ་རོལ་པའི་རྒྱུད་གསར་བཟབ་མོའི་མཆོག་ཅེས་བྱ་བ།། དཔལ་རྡོ་རྗེ་སེམས་དྲཔའ་ལྔ་ཕྱག་འཚལ་ལོ།། འདི་སྐ། བདག
55a2 གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་ཆེན་པོ་དམ་ཚིག་གི་སྡོམ་པ་གཉིས་སུ་མེད་པའི་བདེ་བ་ཆེན་པོ་དབང་བརྙེས་པ།
55a3 ཐབས་དང་ཤེས་རབ་ཀྱི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ། ཁམས་གསུམ་ཐམས་ཅད་ཀྱི་བདག་པོ་ཆེན་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཆེན་པོ་ནམ་མཁའི་དབྱིངས་ཐམས་ཅད་དུ་མཉམ་པར་འཇུག་པ། ཕ་རོལ་ཏུ་ཕྱིན་པའི་སྐབས
55a4 དང་ལྡན་པ། ཆེ་མཆོག་ཧེ་རུ་ཀའི་ཤེས་རབ་དང་ཡེ་ཤེས་ཀྱི་དབང་བསྲུང་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རིན་པོ་ཆེ་གསང་བ་རྡོ་རྗེ་མཆོག་ཏུ་གསང་བའི་བཅོམ་ལྡན་འདས་བུད་མེད་ཀྱི་དཀྱིལ་ན་གསུང་བརྗོད་པ
55a5 མེད་པར་བཞུགས་སོ།། སངས་རྒྱས་ཀྱི་ཞིང་ནམ་མཁའི་དབྱིངས་ཀྱི་རྡུལ་ཕྲན་དང་མཉམ་པ། རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། རྡོ་རྗེ་ནམ་མཁའ་ལ་འགྲོ་བ་དང་། ནམ་མཁའ་ལ་འགྲོ་བ་ཆེན་མོ་དང་། སྐལ་བ་དང་ལྡན་པ་དང་། འགྲིབ་པར་བྱེད་པའི
55a6 གསང་བ་ཆེན་མོའི་གཡོག་དང་། འབྱུང་བ་ཆེན་པོ་ལྔ་དང་། འབྱུང་བ་ལས་གྱུར་པའི་ལྷའི་ཚོགས་འབུམ་ཕྲག་བརྒྱ་སྟོང་གིས་ཁྱབ་པ་འདི་ལྟ་སྟེ། སྙིང་པོ་ཡེ་ཤེས་རྡོ་རྗེ་དང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྡོ་རྗེ་དང་མེ་ལོང་ཡེ་ཤེས་རྡོ་རྗེ་དང་། སོ་སོར་ཀུན་གརྟོག་པའི་ཡེ་ཤེས་རྡོ
55a7 དང་། མཉམ་པ་ཉིད་ཡེ་ཤེས་རྡོ་རྗེ་དང་། བྱ་བ་ནན་ཏན་ཡེ་ཤེས་རྡོ་རྗེ་དང་། ནམ་མཁའ་ཡེ་ཤེས་རྡོ་རྗེ་དང་། རླུང་ཡེ་ཤེས་རྡོ་རྗེ་དང་། མེ་ཡེ་ཤེས་རྡོ་རྗེ་དང་། ཆུ་ཡེ་ཤེས་རྡོ་རྗེ་དང་། ས་ཡེ་ཤེས་རྡོ་རྗེ་དང་། ཐབས་དང་ཤེས་རབ་ཡེ་ཤེས་རྡོ་རྗེ་དང་། གཟུགས་ཡེ
iiif viewer powered by OpenSeadragon
54b - 55b