| | e-texts navigator
|
284b1 སྩལ་པ།། རྒྱས་པས་མིག་ཕྱེ་དཀའ་བ་ཁྲོལ།། དེ་དག་ཇི་ལྟར་ཤེས་འགྱུར་བ།། གླང་པོ་རབ་འབོག་བཤད་པའི་རྒྱུད།། རབ་གསུང་ཁྱེད་ལ་ཕྱག་འཚལ་བསྟོད།། ཅེས་ནི་འཁོར་གྱིས་བརྗོད་གསན་ནས།། དེ་ནས་བདེ་གཤེགས་རྡོ་རྗེ་འཆང་།། དགོངས་པས་རབ་ཏུ
284b2 གསལ་བར་བྱ།། སྣང་ཕྱོགས་སྟོང་ཕྱོགས་གཉིས་མེད་འབྲེལ།། སྣང་ཕྱོགས་ཇི་བཞིན་བཤད་ཚུལ་ནི།། དེ་ལའང་གོང་འོག་ཁྱད་པར་ཡོད།། འཁྲུལ་སྣང་གློ་བུར་སྡང་དགག་སྦྱང་།། རིག་པ་སྒྱུ་མའི་རྩལ་རང་སྣང་།། སྟོང་ཕྱོགས་སྡང་དུ་རུང་མི་རྡུང་།། གཉིས་མེད
284b3 དོན་དམ་ལ་བཅངས་དང་།། དེ་མྱི་འདོད་ལ་ཀུན་རྫོབ་ཀྱང་།། ངན་སྡང་བཟང་བརྩིས་འབྲས་བུའི་གྲངས།། གཞིན་པ་ལམ་ནཱི་ཧྲི་ལ་མྱོངམ།། གང་གིས་འདོད་པའི་རྩིབ་ལོག་ནཱི།། དེ་བཞིན་མ་ཡིན་མི་ཕྲེང་བའོ།། ཞིན་ཀྱང་དེ་སྦྱིན་ཐུན་མོང་བས།། འདིར་ཡང་མ་སྤང་ནམ
284b4 མཁའ་བཞིན།། ཁྱད་བཤད་ཚིག་གཅིག་ངོ་བོ་ལ།། དོན་ནི་དུ་མ་འབྱུང་བར་ཤེས།། མཚན་རྣམས་ཐུན་མོང་གསུངས་པ་ནི།། འོག་མ་དྲང་ཕྱིར་ངེས་ཚིག་འགྲུབ།། དེ་དོ་ནི་ཆོ་ག་གཅིག་དོན་ལ་ཡང་།། བློ་དཔག་དཀའ་བར་ཁོང་དུ་ཆུད།། དགོངས་པ་བཞི་དང་ལྡེམ་པོ
284b5 བཞི།། བརྒྱད་ཀྱིས་གཏན་ལ་ཕབ་སྟེ་བཤད།། གླང་པོ་རབ་འབོག་བཤད་པའི་རྒྱུད།། མེ་ཤེལ་ཤིན་ཏུ་དག་གྱུར་ཅིང་།། ཉི་མ་སྨིན་དང་བྲལ་གྱུར་པས།། སྤབ་རླན་མེད་རེག་པས་ནི།། དེ་ལ་མེ་ནི་འབྱུང་བར་འགྱུར།། བླ་མ་ཆོས་ཀྱི་སྡོང་པོ་ཉིད།། རབ
284b6 འབྱམས་བཀའ་ཡི་ཉི་མ་ཤར།། སློབ་མ་བླ་མའི་ཐུགས་ལ་རེག། སངས་རྒྱས་འབྲས་བུ་འབྱུང་བར་འགྱུར།། ཐོས་པས་མ་བསྒོམ་ལ་བརྩོན་བྱས་ནས།། གློ་ཉིད་སྦྱངས་པར་མ་གྱུར་ཀྱང་།། བླ་མའི་གང་མ་ངག་སྟོབས་ཀྱིས་ནི།། ཐབས་ཀྱི་མན་ངག་འཆར་གྱུར་པས།།
284b7 སྔོན་དུ་དབང་རྣམས་རྫོགས་བྱས་ལ།། རྩ་སྔགས་ཐིག་ལེ་རླུང་ལ་སྤངས།། དབང་པོ་ཤིན་ཏུ་དམིན་པ་དང་།། ཤེས་རབ་ཆུང་བ་དང་བརྩོན་གྱིས།། འགྲུབ་འགྱུར་ཐབས་ཀྱི་ལམ་ལ་སྤངས།། གླང་པོ་རབ་འབོག་བཤད་པའི་རྒྱུད།། ཆུ་ཤེལ་དྲི་མ་མེད་པ་དང་།། ཟླ་བ
iiif viewer powered by OpenSeadragon
284a - 285a