| | e-texts navigator
|
261b1 ལ་གཟུང་།། ཡང་དག་དོན་སྟོན་ངེས་པའི་དོན།། སེམས་ཉིད་ཡེ་ནས་སངས་རྒྱས་པས།། འཁོར་བ་ཀ་དག་དྲི་མ་མེད།། ཉི་མའི་དཀྱིལ་འཁོར་བཞིན་དུ་གནས།། དགོངས་པས་བཤད་པ་བློ་རབ་ལ།། དེ་བཞིན་གཤེགས་པའི་ཚོགས་བསད་ན།། བདག
261b2 གཞན་དངོས་གྲུབ་ཐོབ་པར་འགྱུར།། ཞེ་སྡང་ཤན་པ་རྡོ་རྗེའི་རིགས།། གཏི་མུག་གླེན་པ་དེ་བཞིན་རིགས།། འདོད་ཆགས་ཡི་དྭགས་པདྨའི་རིགས།། དུག་གསུམ་ཞིང་བཅུའི་ཕུང་པོ་བསད།། སེམས་ཉིད་སངས་རྒྱས་སྲས་སུ་བསྒྲལ།། རྒྱ་འབྲས་བསོད་ནམས
261b3 ཡེ་ཤེས་ཚོགས།། བདག་གཞན་གཉིས་ཀས་ཐོབ་པར་འགྱུར།། དགོངས་མིན་དབང་པོ་དམན་པ་ལ།། ལྷ་དམན་སྔགས་ཀྱི་ལྷ་ཟབ་འབྲི།། སེམས་ནི་སངས་རྒྱས་འགྲུབ་པའི་རྒྱུ།། ཚོགས་གཉིས་འབད་པས་འབྲས་བུ་འགྲུབ།། སྒྲ་ནཱི་རྡོ་བཞིན་བཤད་པ་གང་།།
261b4 དཀྱིལ་ལ་བང་ཐོས་དང་དམཆག་བསྒྲེང་།། ལྷ་ཀུན་སྐོམ་དང་གསང་སྔགས་བཟླས།། རློབ་ས་དབང་བསུད་དངོས་གྲུབ་བླང་།། སྲ་ད་ང་བཞིན་མ་ཡིནུ་པ།། དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཏེ།། ཨ་འབྲས་རྒྱུན་འབྲུས་པ་ནས།། ནམ་ག་ནས་ཡིགང།། ཀཱཊ།
261b5 ཀྵ་ནི་སྲིན་པོའི་སྐྱེད།། ཀུན་མཁྱེན་དགོངས་པས་ཤེས་པར་འགྱུར།། བཤད་པའི་ཚུལ་བཞི་ཚིག་དོན་དང་།། སྤྱི་སྦས་མཐར་ཐུག་དོན་དུ་བཤད།། ཚིག་དོན་མིང་ཚིག་སྒྲ་འབྱོར་ལ།། རུ་ས~ཾ་སྐུལ་བསྐུར་འགྲོས་ལྟ་བུ་ཉིད།། ལྕི་དོན་མདོ་སྔགས་རྣམ་པ་གཉིས།། མད~ཾ
261b6 ཞུགས་ནས་འདོད་པ་ཟློག། སྔགས་ལ་ཞུགས་ནས་བསྐྱེད་རྫོགས་བསྒོམ།། སྤྱིར་སྲུད་སེང་གེའི་མཆོངས་པས་བཤད།། སྦས་བཤད་ནཉུང་ཐིག་ལེ་སྔགས།། སེམས་ཅན་ལུས་སྲས་སྟོན་པས་འབྱིན།། འདོད་ཆགས་ཀུན་རྡོབ་ཡེ་ཤེས་གསུམ།། ཧཱ་སས་ཐུགས
261b7 ག་བརྣ་བརྒྱུད་འཛིན།། མཐར་ཐུག་འཁོར་འདས་དབྱེར་མེད་ཆོས།། རང་བཞིན་འོད་གསལ་ཟུང་དུ་འཇུག། ཉན་བཤད་དབྱེ་བ་རྣམ་པ་གཉིས།། ཚོགས་དང་སློབ་མ་ཕྱི་དང་ནང་།། ཚོགས་བཤད་སྒྲ་བཞིན་དགོངས་པ་ཡིན།། དྲང་དོན་ཡི་གེ་སྤྱི་ཡི་དོན།། སློབ་བཤད་སླ
iiif viewer powered by OpenSeadragon
261a - 262a