e-texts navigator
Collection
Volume
Page
Wylie

258b1 རྒྱུན་དུ་ཀྱེ།། རྡོ་རྗེ་འབྲུ་དང་མངོན་པར་བྱང་ཆུབ་སྐུ།། རང་བཞིན་ཤུགས་ཀྱི་ཐུགས་རྗེ་སྐྱེ་བ་ནི།། དབྱར་དགུན་སྟོན་དཔྱིད་ཉི་མ་དཀྱིལ་འཁོར་ལྟར།། མ་བྱས་བྱེད་མེད་རང་བཞིན་དང་གིས་སྣང་།། ལོངས་སུ་རྫོགས་པའི་སྐུ་ལ་ཐུགས་རྗེ་ནི།། བསྐུལ་ཞིང་གསོལ་བ་བཏབ་པས
258b2 ལྕི་བར་འགྱུར།། ས་བཙུཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས།། ལྷན་ཅིག་པ་དང་གོ་ཕྱིའི་དཁོར་རྣམས་ལ།། འགྲོ་བའི་དོན་ལ་སྐུལ་མ་འདེབས་པ་ཡིས།། གསང་བའི་བ་དན་ཏུ་ཆེར་སྤོགས་པར་འགྱུར།། འདི་ནི་སྔོན་བྱུང་ཡིན་ཞེས་དོན་ཡང་བསྟན།། དེ་བཞིན་རྗེས་སུ་འདུག
258b3 པར་བྱེད་པ་རྣམས།། བསམ་གཏན་རང་བཞིན་དཀྱིལ་འཁོར་བསྦེད་བྱས་ནས།། ཡེ་ཤེས་དཀྱིལ་འཁོར་གཉིས་བུ་མེད་པར་བསྒྲུབ།། འདོད་པའི་དོན་ལ་བསྐུལ་ཞིང་གསོལ་བ་འདེབས།། ཐུན་མོང་མཆོག་གི་དངོས་ཡུབ་འཐོབ་པར་འགྱུར།། ཡུལ་དང་ཕྲད་ནས་ཐུགས
258b4 བ་ནི།། སྦལ་པའི་བུ་ཡིས་གདུལ་བྱ་གཟིགས་མཛད་པ།། མ་ངེས་འཁོར་ལ་སྡེ་སྣོད་རྒྱུད་རྣམས་གསུངས།། བཟང་པོའི་ཡུལ་དང་ཕྲད་པར་སྣང་བ་ཡིན།། གདུག་པ་གདུལ་བྱའི་དོན་དུ་ཁྲོ་བོར་བསྟན།། ངན་པའི་ཡུལ་དང་ཕྲད་པར་སྣང་བ་ཡིན།། གང་ལ་ཅིས་འདུལ་དེ་ལ་དེར་སྟོན་པ།
258b5 དྷ་ཚོགས་ཡུལ་དང་ཕྲད་པར་སྣང་བ་ཡིན།། རྗེས་འཇུག་རྣལ་འབྱོར་ཆེན་པོ་སྒྲུབ་པ་པས།། སྡོད་ལྡན་བུ་ལ་གསང་བའི་མནང་གསྦྱིན།། བཟང་པོའི་སྣོད་དང་ཕྲེད་པར་གྱུར་པ་ཡིན།། ཞིང་བཅུ་གདུག་པ་མ་ལུས་བསྔལ་བྱས་ནས།། གནས་ངན་ངན་སོང་གནས་རྣམས་སྒྲོལ་མང་དག།
258b6 ངན་པའི་ཡུལ་དང་ཕྲད་པར་གྱུར་པ་ཡིན།། རབ་འབྲིང་ཐ་མའི་དབང་པོ་མཐུན་རྟོགས་པ།། སྣ་ཚོགས་ཡུལ་དང་ཕྲད་པར་གྱུར་པ་ཡིན།། ཕྱོགས་གཅིག་སྟེང་རྗེ་འགྲོ་བཀུན་ལ་ཡོད།། ཁྭ་དང་སྱཱང་གིས་རང་གི་བུ་ཉིད་གསོ།། མཆོད་ཉིད་ཉན་དང་ཐེག་པརྡུང་ངུལ།། སེམས་ཅན་རྣམས
258b7 ལ་དམིགས་པའི་སྙིང་རྗེ་ཡོད།། ཚད་མེད་བཞི་ཡིས་འགྲོ་དོན་ཡིད་ལ་བྱེད།། མདོ་སྡེ་བྱང་ཆུབ་སེམས་དཔའི་ཐེག་ཆེན་ལ།། ཆོས་ལ་དམིགས་པའི་སྙིང་རྗེ་ཆེན་པོ་ཡིས།། ཀུན་རྫོབ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས།། བསྡུ་བའི་དངོས་པོ་བཞི་ཡིས་དོན་རྣམས་མཛད།།




iiif viewer powered by OpenSeadragon

258a - 259a

Texts on this page

Gdg013.5 - glang po rab 'bog gi rgyud