| | e-texts navigator
|
258a1 དཔ་ཐེག་ནི།། ཕ་རོལ་བྱིན་བདྲུང་ལམ་ཞུགས་པས།། ས་བ་ས་ཀྱིས་བགྲོད་སྲུད་དུས།། བཅུ་གཅིག་པན་གྲ་ང་ས།། དུག་གསུས་གྲངས་པ་གས་གསུམ་པས།། རྡོ་འན་པའི་ས་འཐོ་གྱུར།། རིགས་ཞེ་ནང
258a2 ཆ་གཉིས་འཛིན།། རིགས་པདི་རྡོ་བ་ཚང་སར་འགྲོ།། རིགས་ལྔ་བསྒོམས་པའི་རྣལ་འབྱོར་ནི།། སྟུག་པོ་བཀོད་པའི་ས་འཐོབ་འཇོད།། རྣལ་འབྱོར་ཆེན་པོ་ནང་པ་ནི། མ་ཆགས་པ་དྨ་ཅན་གྱིསར།། ཡི་གེ་འཁོར་ལོ་ཚོགས་ཆེན་ལ།། སྐུ་ལྔ་ལྡན་གྱིས་གྲུབ་པ་འཐབ།། རྗེས་སུརྡལ
258a3 འབྱོར་ཆེན་པོ་ནི།། མཚན་རྫོགས་རྡོ་རྗེ་འཆང་གི་སར།། བཅུ་བཞི་རྡོ་རྗེ་འཛིན་པ་འཐོབ།། རྫོགས་པ་ཆེན་པོའི་རྣལ་འབྱོར་པ།། ཀུན་བཟང་དབྱེ་བ་མེད་པའི་ས།། ཆོས་སྒྲ་ཐེག་ཆེན་ཀུན་ཏུ་བརྡལ།། ཐིག་ལེ་ཆེན་པོ་གཅིག་ཏུ་འཐོབ།། ཕྱལ་པ་རྒྱང་འཕེན་བཟའ་བཏུང་གིས།། གངས་རི
258a4 ཡུལ་ལྷ་མཆོད་པར་བྱེད།། མུ་སྟེགས་སྲོག་ཆགས་ཤ་ཁྲག་གིས།། ཕྱཝ་དང་དབང་ཕྱུག་ལ་སོགས་མཆོད།། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས།། གཙབ་མའི་མཆོད་པ་སྣ་ཚོགས་པས།། དཀོན་མཆོག་རྣམ་པ་གསུམ་མཆོད་པ།། ཟས་མཆོག་གཙང་མའི་སྣོད་ཀྱིས་དབུལ།། ཀི་5
258a5 ཝཱ་པཡོག་པ།། དུང་ཆོས་ནང་གི་སྣོད་ནང་དུ།། ཡི་དམ་ལྷ་ལ་མཆོད་པར་བུལ།། སྦྱིན་གཏོང་གནས་སུ་གཏོར་མས་མཆོད།། དབྱེད་པ་མ་ཧཱ་ཡོ་གའི་རྒྱུད།། རྫོགས་པ་ཨ་ནུ་ཡོ་གའི་ལུང་།། དམ་རྫས་བདུད་རྩི་བྷན་དྷའི་སྣོད།། སྒྲོལ་སྦྱོར་མཆོད་པ་འབུལ་བར་བྱེད།། རྫོགས་ཆེན
258a6 རྟོགས་པའི་རྣལ་འབྱོར་པ།། སེམས་ཉིད་རང་སྣང་རིག་པ་ལ།། མཆོད་བྱ་གྲུབ་པའི་གནས་མེད་པས།། ཆོས་སྐུ་གཅིག་ལ་རོལ་པར་ཤན།། ཞེས་གསུངས་སོ།། གླང་པོ་རབ་འབོག་གི་རྒྱུད་ལས། ཐེག་པ་ཐམས་ཅད་ཀྱི་ཁྱད་པར་ཕྱེ་བ་སྟེ་ལེའུ་བདུན་པའོ།།
258a7 དེ་ནས་རྡོ་རྗེ་འཆང་ཆེན་པོས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆེན་པོས་གཟིགས་པ་འདི་འགྲོ་བའི་ཆེད་དུ་གསུངས་པའོ།། དྲི་མེད་ཆོས་ཀྱི་སྐུ་པི་ཐུགས་རྗེ་ནི།། ནམ་མཁའི་མཐའ་དང་མཉམ་པའི་གདུལ་བྱ་ལ།། དམིགས་པ་མེད་པའི་མཛོད་པ་ཀུན་འཁྱབ།། ཆུ་བོའི་རྒྱུན་ལྟར་རྟག་པར
iiif viewer powered by OpenSeadragon
257b - 258b