e-texts navigator
Collection
Volume
Page
Wylie

257a1 སྣང་བ་ནི།། འཁོར་དང་མྱ་ངན་འདས་པའི་ཆོས།། མ་ལུས་རིག་པ་བྱང་ཆུབ་སེམས།། དབྱེད་མེད་ཐིག་ལེ་ཆེན་པོར་བཞུགས།། ཞེས་གསུངས་པས་སྣང་བའི་ཆོས་འཇིག་པའི་ཏིང་ངེ་འཛིན་ཏོ།། དེ་ནས་དེ་བཞིན་གཤེགས་པས་འདི་སྐད་བརྗོད་དོ།།
257a2 སྣང་བ་དབང་པོ་ཡུལ་རྣམས་ལ།། གཟུགས་སྒྲ་དྲི་རོ་རེག་བྱར་སྣང་།། མཆོད་པ་འདོད་ཡོན་རྣམ་ལྔས་བསོགས།། དབང་པོ་རབ་འཕྲེང་ཐ་མས་བརྟག། ཐོབ་པ་དོན་རིག་ཞེན་པ་ལོག། སྒོ་ལྔ་ཡིད་ཀྱི་ངང་དུ་ཐིམ།། ཐ་མལ་ཡུལ་གྱི་སྣང་བ་དང་།། ཡུལ་ཅན་རྣལ་འབྱོར
257a3 སྣང་བ་ལ།། ཡུལ་བྲལ་རྒྱལ་བའི་སྡང་བར་གྲུབ།། ལེགས་པའི་ཡོན་ཏན་འདོད་ཆགས་དང་།། ཉེས་པའི་སྔོན་ལ་ཞེ་སྡང་སྐྱེས།། གཉི་ག་མ་ཡིན་གཏི་མུག་པའི།། དུག་གསུམ་རྣ་བ་མཆེད་པར་བྱེད།། སྡང་བ་སུ་ཡི་དཀྱིལ་འཁོར་ཉིད།། གྲགས་པའི་སྒྲ་སྐད་པ་དེ
257a4 གཤེགས་གསུངས།། དྲན་རྟོག་ཐུགས་ཉིད་བདེ་བ་ཆེ།། གཅེར་མཐོང་གཅེར་གྲོལ་མངོན་སངས་རྒྱས།། འཁོར་བར་སྣང་བ་ཞེན་པའི་ཆོས།། མཆོད་པར་གྱུར་པཞིན་ཡུལ་བརྟག། ཐོབ་པར་འབྲས་བུའི་ནང་དུ་བསྐྱལ།། ཞེས་གསུངས་སོ།། གླང་བར་པོ་འབོག་གི་རྒྱུད
257a5 ལས། འཁོར་འདས་སྣང་བའི་དཀྱིལ་འཁོར་གྱི་སྤྱོད་ཡུལ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་རང་རང་གི་ཐེག་པ་གསང་བར་གསུངས་སོ།། འཁོར་དང་མྱ་ངན་འདས་པ་ལ།། ལྟ་བའི་དོན་ལ་ཀུན་ཀྱང་གནས།
257a6 ལྟ་བས་མ་ཁྱབ་གཅིག་ཀྱང་མེད།། ཐེག་པར་ཞུགས་པ་ཤིན་ཏུ་ཉུང་།། འཇིག་རྟེན་ཐ་མ་ལ་ངོ་མཚར་ཅན།། གཞན་ལུས་བསད་ནས་རང་ལུས་གསོ།། འདི་བདེ་ཕྱི་མ་མ་ཤེས་པ།། འདི་རྟེན་རྒྱང་འཕེན་བལྟ་བར་བཤད།། ཁ་ཅིག་སྐྱེ་བོ་དམན་པ་ཡིས།།
257a7 འདི་དང་ཕྱི་མའི་དོན་མ་གོ།། བྱ་བ་གཉིས་དང་བྲལ་གྱུར་པ།། འཇིག་རྟེན་ཕྱལ་བའི་ལྟ་བར་བཤད།། རང་སེམས་སྙིང་གི་དཀྱིལ་གནས་ནས།། བྱེད་པ་པོ་རུ་དེ་འདོད་བརྟག། ལས་འབྲས་བདེན་པའི་དོན་མེད་ཅིང་།། ཐམས་ཅད་མེད་འདོད་ཆད་པར་བལྟ།། མུ་སྟེགས་རྟག་ཆད




iiif viewer powered by OpenSeadragon

256b - 257b

Texts on this page

Gdg013.5 - glang po rab 'bog gi rgyud