| | e-texts navigator
|
256a1 རྫོགས་པས།། ཆོས་ཀྱི་སུ་རུ་རབ་ཏུ་འབྲབ།། མཚན་དང་དབ་བྱང་ཡང་དག་ཆགས།། ལངས་སྤྱོད་ཆགས་སྒྲ་སྤྲུལ་པའི་སུ།། མཚན་དང་དབ་ཟུད་མི་དམིགས་སྦྱངས།། ཆོས་སྲཿ། བརྗོད་ཡུལ་ལས་འདས།། དྲི་མ་མེད་པའི་ཆོས་སྲུལ།
256a2 གཞན་སྣང་རྟོག་པ་ཀུན་བྲལ་བས།། གཟིགས་པར་བྱ་བའི་ཡུལ་དང་བྲལ།། རང་སྣང་དགོངས་པ་རང་གསལ་མཁྱེན།། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས།། ས་ཐོབ་རྣམས་ཀྱིས་ཞལ་གཟིགས་ནས།། གས་ཆོས་ཀྱི་བགྲོ་བ་ཉན།། ལོངས་སུ་ཐུགས་རྗེས་ས་བརྒྱ་གཟིས
256a3 ལས་དག་འགྲོ་བ་དྲུག་རྣམས་ལ།། མཐུན་པའི་ཐུགས་རྗེ་རང་སྣང་ལ།། ལྷ་རྣམས་ལ་ནི་སྲིད་ཐུབ་འཛིན།། ལྷ་མིན་རྣམ་པར་སྣང་བྱེད་དང་།། མི་ལ་ཤཱཀྱ་སེང་གེ་ཉིད།། བྱོལ་སོང་སེང་གེ་དམ་བརྟན་སྐུ།། ཡི་དྭགས་ཁ་འབར་རྒྱལ་མོའི་བུ།། དམྱལ་བ་རྣམས་ལ་ཆོས་རྒྱལ
256a4 སྲས།། ཐུགས་རྗེའི་མཛད་པ་བཅས་པར་སྣང་།། ཞེས་གསུངས་སོ།། གླང་པོ་རབ་འབོག་གི་རྒྱུད་ལས།། མྱ་ངན་ལས་འདས་པ་སྐུ་གསུམ་བསྟན་པ་སྟེ་ལེའུ་ལྔ་པའོ།། ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་འཁོར་འདས་ཐམས་ཅད་རང
256a5 སྣང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ།། རང་བཞིན་སྣང་བ་བཅོས་བསླད་བྲལ།། འཁོར་འདས་དབྱེར་མེད་ཆེན་པོར་གནས།། འཁྲུལ་པའི་སྣང་བ་སྣོད་དང་བཅུད།། གཟུང་དང་འཛིན་པ་གཉིས་སུ་སྣང་།། གདུལ་བྱའི་སྣང་བ་གང་སྣང་བ།།
256a6 བདེ་གཤེགས་སེམས་ཅན་དོན་མཛད་པ།། བདེ་གཤེགས་སྣང་བ་སྐུ་གསུང་ཐུགས།། མི་ཟད་རྒྱན་གྱི་འཁོར་ལོར་སྣང་།། སྣང་བ་བཞི་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་དེ་བཞིན་གཤེགས་པ་ཉིད་ལ་ཉིད་འདི་བརྗོད་དོ།། སེམས་ཅན་འཁོར་བར་འཁྱམས་རྣམས་ལ།།
256a7 ཉོན་མོངས་རྣམ་པ་ལྔ་རུ་སྣང་།། རྣལ་འབྱོར་ཉམས་སུ་ལེན་རྣམས་ལ།། ཉམས་ཀྱི་སྣང་བ་ལམ་དུ་སྣང་།། བདེ་བར་གཤེགས་པའི་སྐུ་གསུང་ཐུགས།། མི་ཟད་རྒྱན་གྱི་འཁོར་ལོར་སྣང་།། གསང་བ་བསམ་གྱིས་མི་ཁྱབ་དང་།། ཐམས་ཅད་པ་རུ་བླང་བའོ།། སྣང་བ་གསུམ
iiif viewer powered by OpenSeadragon
255b - 256b