| | e-texts navigator
|
254a1 ཤེས་དང་པ་ཤས་གཅིག་ཏུ་མཚུངས།། འདོར་བར་སྣང་བ་མྱ་ངན་འདས།། སྡུག་བསྔལ་བདེ་བ་ཆེན་པོ་ཤར་།། མུན་པ་ཉིད་ནི་སྣང་བར་གསལ།། ཀུན་ཅང་བྱང་ཆུབ་ཟན་པོ་གནས།། བླང་ཞིང་དོང་བ་ནི་ཡང་མེད།། ཐབས་དང་ཞེས་རབ་ཟུང་དུ
254a2 འབྲེལ།། དོན་དམ་ཀུན་རྫོབ་དབྱེར་མེད་ཀུན།། སྣང་བ་སྟོང་པ་ངོ་མཉམ་པས།། རྣམ་པ་ཀུན་ལྡན་སྟོང་ཆེན་པོ།། མཐའ་དབུས་མེད་པར་རང་ཤད་པ།། ཆོས་ཉིད་གཤིས་ཀྱི་འདུག་ཚུལ་ཉིད།། སྐྱེས་བུས་མངོན་དུ་གར་བྱས་པ།། ཕྱག་རྒྱ་ཆེན་པོ་མཆོག་ཉིད་ཀྱི།། དངོས་ས་གྱི་ཆེ
254a3 ཐོབ་པ་ཡིན།། ཞེས་གསུངས་སོ།། གླང་པོ་རབ་འབོག་གི་རྒྱུད་ལས། གནས་ལུགས་ཀུན་གྱི་གཞིང་བསྟན་པའི་ལེའུ་སྟེ་གསུམ་པའོ།། ། དེ་ནས་བཅོམ་ལྡན་འདས་ཀྱིས་མ་རིག་པའི་གྲོང་བྱེར་ཆེན་པོ་ཤེས་པར་བྱེད་པ་འདི་གསུངས་སོ།། བདེ་གཤེགས་སྙིང་པོ
254a4 ཆུབ་སེམས།། ཐམས་ཅད་བསྐྱེད་པའི་ས་བོན་ཉིད།། འདི་ཡིས་མ་བསྐྱེད་ཆོས་མེད་པས།། ཆོས་སུ་སྣང་བ་འཁྲུལ་བའི་ཡིད།། སེམས་ཉིད་ཡེ་སངས་རྒྱས་གྱུར་ཀྱང་།། དེ་མ་ཤེས་པས་མ་རིག་པ།། སྔོན་གྱི་བག་ཆགས་མཚུངས་གྱུར་པས།། ལྷན་ཅིག་སྐྱེས་པའི་ས
254a5 དག་པ།། རང་ལ་དང་བརྟགས་མ་ཤེས་པས།། དམུས་ལོང་ནམ་མཁའ་བལྟ་བར་འདོད།། ཀུན་ཏུ་བརྟགས་ཤིང་མི་ཤེས་ལ།། ཀུན་བཏགས་མ་རིག་རྒྱུ་ཉིད་ཡིན།། དགེ་སྡིག་ལུང་མ་བསྟན་པའི་ལས།། རབ་འབྲིང་ཐ་མ་སྤྱད་བྱས་ཏེ།། ཉོན་མོངས་ལྔ་ལ་མངོན་ཞེན
254a6 པས།། ཁམས་གསུམ་འཁོར་པ་འབྱུང་བའི་རྐྱེན།། སྟོད་ཀྱི་འཇིག་རྟེན་ཡུལ་དུ་སྣང་།། བཅུད་ཀྱི་སེམས་ཅན་བདག་ཏུ་བཟུང་།། བདག་གཞན་རྟོག་པའི་རྐྱེན་ཆགས་པས།། རི་རབ་གནས་བཅས་ལྷ་ཡི་ཡུལ།། ལྷ་མིན་རི་རབ་ལོང་སེང་གནས།། གླིང་བཞིའི་གནས་ན
254a7 མི་རྣམས་ཉིད།། ཕྱི་ཡི་རྒྱ་མཚོ་བྱོལ་སོང་གནས།། ཡི་དྭགས་གྲོང་ཁྱེར་སེར་སྤྱན།། དམྱལ་བ་རྡོ་རྗེ་གདན་གྱི་འོག། ཡ་དཀར་ལྷ་སྟེ་པུ་སེར་ནི།། ལྷ་མིན་ནི་སྔོན་མི་རུ་གནས།། ཡི་དྭགས་བྲེ་དམར་དུད་འགྲོ་ལ།། དུ་ཉིད་དུད་ཁ་བྱོལ་ཡོང་ཡིན།། དམྱལ་བར་རྫི
iiif viewer powered by OpenSeadragon
253b - 254b